ཚོགས་ཆུང་བཞིའི་རྒྱལ་ཚོགས་མདུན་ཞི་རྒོལ།

ཟླ་འདིའི་ཚེས་༡༥་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་ཁུངས་ཀྱི་ཚོགས་ཆུང་བལ་དེན་སིལ་བུ་དང་ཧོར་རྒན། ཧྥོ་ཁུ་སུ་བེ་དང་ཛུ་རིག་བཅས་ཀྱིས་རྒྱལ་ཚོགས་ཀྱིས་ལོ་ལྟར་ཚོགས་འདུ་ཐེངས་གསུམ་ཚོགས་བཞིན་པའི་ཚོགས་དུས་གཉིས་པའི་སྐབས་དང་བསྟུན་ནས་རེ་འདུན་དོན་ཚན་བཞི་ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཞོར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་སྒོ་འགྲམ་ནས་རྒྱལ་ཚོགས་མདུན་བར་དུ་གོམ་བགྲོད་ཀྱིས་ངོ་རྒོལ་སྐད་འབོད་བྱས།

ངོ་རྒོལ་སྐད་འབོད་སྐབས་དོན་ཁང་གིས་ཕྱི་འབྲེལ་ལས་བྱེད་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལོ་རེར་ཚོགས་དུས་ག་ཚོད་འཚོགས་ཀྱིན་ཡོད་མེད་དང་། འཚོགས་ཐེངས་རེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གླེང་སློང་གནང་སྟངས། དེ་བཞིིན་ལོ་སྔོན་མའི་འགྲོ་བ་མིའི་ཐོང་ཐང་གི་སྙན་ཐོའི་ནང་དུ་འཛམ་གླིང་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྡུག་ཤོས་གྲངས་སུ་བོད་ཀྱི་གནས་སྟངས་ཚུད་ཡོད་སྟངས། གཞན་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་ལྷན་ཚོགས་ལྷན་ཚོགས་འདུ་ཟུར་དུ་འཚོགས་ཡོད་སྐོར་སོགས་རྒྱལ་ཚོགས་ལ་འབྲེལ་བ་གནང་བའི་རྒྱུད་རིམ་དེར་འདུས་ཀྱི་ངོ་རྒོལ་བ་ཚོར་འགྲེལ་བརྗོད་གནང་།

ཐེངས་འདིར་ས་གནས་ཉེན་རྟོག་ལས་ཁུངས་ནས་ཆོག་མཆན་གྱི་རྐྱེན་པས་ལས་འགུལ་སྔོན་རྩིས་གཏན་འབེབ་བྱུང་བའི་ཉི་མ་སྔོན་བསྣུར་གྱིས་གོ་སྒྲིག་ཞུས་རྐྱེན་སྐད་འབོད་ངོ་རྒོལ་གྱི་ཆ་ཤས་ལེན་མཁན་མང་དག་ཅིག་ལ་མཉམ་ཞུགས་བྱེད་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་གོ་སྒྲིག་བྱེད་མཁན་འཐུས་མིས་འགྲེལ་བརྗོད་གནང་།

རྒྱལ་ཚོགས་ཀྱི་ཚོགས་འདུ་འཚོགས་ཀྱིན་པའི་སྐབས་དང་བསྟུན་པའི་ངོ་རྒོལ་སྐད་འབོད་དེར་མཉམ་ཞུགས་བྱེད་མཁན་མི་གྲངས་༤༥་དང་གོ་སྒྲིག་པ་ས་གནས་འཐུས་མི་གསུམ་བཅས་འཛོམས་འདུག
གནས་ཚུལ་མཁོ་གཏོང་པ་ཀླུ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སམས་རགས།