ཚོགས་ཆུང་ཕོ་ཁེདསི་ཝིལ་ཚོགས་མི་བརྒྱ་ལྷག་གིས་བོདལོ་སར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་འདུག

བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི་ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཁན་རིན་པོ་ཆེ་དང་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་གཙོས་ཚོགས་ཆུང་ཕོ་ཁེདསི་ཝིལ་ཚོགས་མི་བརྒྱ་ལྷག་གིས་བོདལོ་སར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་འདུག དགའ་སྟོན་རྟེན་འབྲེལ་གྱི་ཐོག་སྐབས་བཅུ་དྲུག་པའི་འཐུས་མིའི་སྐབས་ཀྱི་ལས་ཐོག་རྒྱུན་ལས་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་དང་། གསར་དུ་འདེམས་ཐོན་བྱུང་བའི་འཐུས་མི་དང་རྒྱུན་ལས་རྣམ་པར་དོན་ཀུན་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུསའདུག དེར་བསྟུན་བོད་ཡིག་གི་རྒན་དགེ་བཤེས་ལགས་དང་དུས་རྒྱུན་རོགས་རམ་མཐུན་སྦྱོར་གནང་བཞིན་པའི་ཚོགས་མི་ཡོངས་ལའང་ཐུགས་རྗེ་ཆེ་ཞུས་འདུག གཞན་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཡོངས་དང་།ཚོགས་ཆུང་གི་བྱིས་པ་ཚང་མར་ལོ་སར་གྱི་ལེགས་སྐྱེས་རེ་ཕུལ་པ་སོགས་ལས་རིམ་མང་པོ་གནང་འདུག མཐར་ཚང་མར་ལོ་སར་པའི་ནང་ཚེ་རིང་ནད་མེད་བདེ་སྐྱིད་ཡོང་བ་དང་། དོན་ཀུན་གྲུབ་པའི་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཀྱང་ཞུས་སོང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།