མྱ་ངན་གུས་འདུད་དང་རྗེས་དྲན་མཆོད་འབུལ།

གློ་བུར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས་ འདི་གར་སུད་སི་ཁུལ་དུ་གནས་སྡོད་ཁོང་གི་ཞལ་སློབ་ལྟོས་བཅས་ཡོངས་དང་ སུད་སི་དང་ལིག་ཏེན་སིཊཡན་བོད་རིག་མི་མང་ཀྱིས་ཁོང་དང་རྒྱལ་གཅེ་དཔའ་བོ་ཡོན་ཏན་ལགས་སུ་མྱ་ངན་གུས་འདུད་དང་རྗེས་དྲན་མཆོད་འབུལ་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ་ཉིན་འཚོགས།དེ་རིང་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་པའི་དགེ་འདུན་པ་རྣམ་པ་དང་ས་གནས་བློ་དཀར་དམ་གཙང་བོད་རིགས་སྤུན་ཟླ་ ༡༣༠ ལྷག འདུ་འཛོམས་ཀྱིས་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་མྱ་ངན་གུས་འདུད་དང་རྗེས་དྲན་མཆོད་འབུལ། དེ་བཞིན་ཉེ་ཆར་བོད་རྔ་བར་རྒྱལ་གཅེས་དཔའ་བོ་ཡོན་ཏན་ལཊ་ནས་བོད་བསྟན་སྲིད་ཁོ་ནའི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་མཆོད་འབུལ་སྨོན་ལམ་ཚོགས་སོང།
གསར་འགོད་ ཝང་དཀར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སམས་རགས།