མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢།༣༠ ཡས་མས་སུ། མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་ཡིན་པ་རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་དམག་ཁང་དང་ཁྲིམས་ཁང་གི་མདུན་དུ་རང་ལུས་མེར་སྲེག་བཏང་འདུག

རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་ནི། ཨ་མཆོག་སྐེད་སྡེ་བའི་རང་ལོ་ ༤༩ ཡིན་པའི་ཕ་གནམ་ཕྱུག་ཚེ་རིང་དང་། རང་ལོ་ ༥༠ ཡིན་པའི་མ་གཟུངས་འདུས་མཚོ་གཉིས་ཀྱི་བུ་ཡིན་འདུག་ལ། ཁོང་དང་བཟའ་ཟླ་ཚེ་རིང་གཉིས་ལ་རང་ལོ་ ༢ ལ་སོན་པའི་བུ་མོ་སྙིང་མོ་སྐྱིད་ཅེས་པ་ཞིག་ཀྱང་ཡོད་འདུག་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།