མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༣་དང་༤༤་པ་ཚོགས་སྐབས་ལས་འགུལ་སྦེལ་བ།

ཕྱི་ལོ་༢༠༢༠་ཟླ་༦་པའི་ཕྱི་ཚེས་༡༩་ཉིན་སུད་སིའི་ས་གནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༤༣་དང་༤༤་འཚོགས་སྐབས་བོད་མི་ཚོས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ངོ་རྒོལ་སྐད་འབོད་ཀྱི་ལུས་འགུལ་སྤེལ་འདུག

ཐོག་མར་བོད་མི་ཚོས་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་ཀྱི་རྒྱལ་གླུ་བཏང་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་གཅིག་རིང་ངག་བཅད་མྱ་ངན་ཞུས།  སུད་སུའི་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་ནས་ལུས་འགུལ་ལ་མཉམ་ཞུགས་གནང་མཁན་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་དང་ཡོ་རོབ་ས་གནས་སྤྱི་མཐུས་སྐུ་ངོ་ཟམ་མདོ་བྱམས་པ་མཆོག་གཙོས་ཚང་མར་འཚམས་འདྲི་གནང་།   ཏོག་དབྱིབས་ནད་ཡམས་ལ་མ་མཛེམ་པར་མཉམ་ཞུགས་གནང་ཚང་མར་ཐུགས་རྗེ་ཆེ་གནང་ཞུས་བ་དང་།  དེ་ནས་དབྱིན་སྐད་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོར་འབོད་སྐུལ་ཞུས་བ་དང་པན་ཆེན་སྐུ་ཕྲེང་བཅུ་བ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོན་གྲོལ་མྱུར་དུ་ཡོང་བའི་འབོད་སྐུ་ཞུས།  རྒྱ་གཞུང་གིས་ཏོག་དབྱིབས་ན་ཚར་ཁ་གཡར་ནས་བོད་མི་ཚོར་དམ་དྲག་ཤུགས་ཆེན་གནང་བཞིན་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་བདེན་མཐའ་སེལ་ཆེད་རྒྱ་ནག་གཞུང་ལ་གནོད་ཤུགས་ཕུལ་དགོས་པའི་འབོད་སྐུ་ཞུས།

དེ་ནས་འགྲོ་བ་མིའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཕུལ་བའི་དབྱིན་སྐད་སྙན་ཞུ་སྦྱོར་ཀློག་གནང་། སྙན་ཞུ་ནང་དུ་བོད་མི་ཚོར་ཆོས་དད་རང་མོས་མེད་པ་དང་རྒྱ་ནག་གཞུང་ལྷ་མེད་རིང་ལུགས་ཀྱི་དམར་ཤོག་ཡིན་ཀྱང་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་གནང་སྟངས་སྐོར་ལ་ཁྲིམས་བཟོས་པ་དང་།  བོད་རིགས་སློབ་མ་ཚོར་རང་ཉིད་ཀྱི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་མེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནང་སྟངས་ངོ་སྤྲོད་ཞུས།

སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་དང་བོད་དོན་ལས་འགུལ་བ་སྐུ་ཞབས་༼MR JACQUES ARNAL༽་མཆོག་དང་དེ་བཞིན་ཡོ་རོབ་སྤྱི་མཐུས་མཆོག་བཅས་ནས་གསུང་བཤད་གནང་།  མཐར་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་འདོན་གནང་ཞུས་སྟེ་ལས་འགུལ་མཇུག་སྒྲིལ་གནང་།

དཔར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།