མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེང་ ༤༡ པ་གནང་སྐབས་བོད་དོན་ལས་འགུལ་སྤེལ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེང་ ༤༡ པ་གནང་སྐབས་ བོད་ནང་གིའགྲོ་བ་མིའི་ཐོང་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ལ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ ༥༠ ལྷག་ནས་དུས་ཚོད་ ༡༡།༠༠ ནས་ ༡༦།༣༠ བར་ངོ་རྒོལ་གྱི་ལས་འགུལ་སྤེལ།
བོད་རྒྱལ་ཁབས་ཆེན་པོའི་རྒྱལ་གླུ་འབུལ་རྗེས་ བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་དང་ངག་བཅད་གནང་།

བོད་རིགས་མི་མང་གི་ཚོགས་གཙོ་མཆོག་ནས་གསུང་བཤད་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་དང་དབྱིན་དྲུང་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་ལ་འབུལ་རྒྱུའི་ཞུ་གཏུག་ཕྱག་བྲིས་དེ་ལྗཊ་ཀློག་གནང་། སྨད་གླིང་བཀྲ་ཤིས་ཟླ་བ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཀློག་རྗེས་ སྐུ་ངོ་དོན་གཅོད་མཆོག་ནས་བཀའ་སློབ་ནང་ བོད་འདི་ལོ་རྒྱུས་ཁྲོད་ཁུངས་ལྡན་རྒྱལ་ཁབ་ཅིགཡིན་པ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཟབ་ཅིང་རྒྱས་པ་གསུང།

སུད་སུ་བོད་རིགས་མཐུན་གྲོགས་ཚོགས་པའི་སྐུ་ཚབ་བསྟན་འཛིན་དབང་མོ་ཧྥ་ར་པེ་ལིའི་དང་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་སཎ་ཏ་མ་རི་ཡ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་སྐུ་ཚབ་བསྟན་འཛིན་བདེ་ཆེན་རྣམ་པ་ལྷན་ནས་གསུངས་བཤད་ཟབ་ཅིང་རྒྱས་པ་གནང་རྗེས་གནམ་གཤིས་ཚ་བ་ཇི་ལྟར་ཆེ་ཡང་སྟོབས་ལགས་ཀྱིས་སྣེ་ཁྲིད་གནང་སྟེ་སྐད་འབོད་ཤུགས་ཆེ་གནང་སོང་།བདེན་ཚིགས་སྨོན་ལམ་དང་རྒྱལ་བའི་ཞབས་བརྟན་གྲུབ་རྗེས་ མཇུག་སྒྲིལ་གསུངས་བཤད་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་གནང་རྗེས་གྲོལ་སོང་
གསར་འགོད་པ་ ཝང་དཀར་ཚེ་རིང་ནོར་བུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 6 སྡོམས་རོགས།