མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཁང་ངོ་སྤྲོད

ཕྱི་ལོ་ ༢༠༡༩ ལོའི་སྤྱི་ཟླ ༦ པའི་ཚེས་ ༨ ཉིན་བོད་རིགས་མི་མང་གི་འཐུས་མི་ཚོགས་འདུ་ཐོག་ཏུ་དོན་ཁང་ནས་སྐལ་ལྡན་མཚོ་མོ་ལགས་ཆེད་ཕེབས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཁང་ངོ་སྤྲོད་དང་ལྷན་ཁང་ནས་རྒྱ་ནག་གཞུང་ལ་གནམ་འགྱུར་གང་འདྲ་སྟོན་གྱི་ཡོད་པ་དང་ཇེ་ནི་བར་འགྲོ་བ་མིའི་ལྷན་ཁང་ངོ་སྤྲོད་གནང་སོང་། ལྷན་ཁང་དེ་ནི་སྤྱི་ལོ་ ༢༠༡༦ ཟླ་ ༣ ནང་གསར་འཛུགས་གནང་ཡོད་པ་དང་རྒྱལ་ཁབ་ ༡༩༣ ཡོད་པ་ནས་རྒྱལ་ཁབ་ ༤༧ མཉམ་ཞུགས་གནང་ཡོད་པ་དང་ལོ་རེར་ཚོགས་འདུ་ཐེངས་༣ དེ་ཟླ་བ་ ༦ པའི་ཚེས་ ༢༨ ཉིན།ཟླ་ ༩ པའི་ཚེས་ ༢༠ ཉིན་དང་ཟླ་བ་ ༡༢ པའི་ཚེས་ ༡༠ ཉིན་ཚོགས་ཀྱི་ཡོད།

ཨ་རིའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན་ད་ལྟའི་བོད་ནང་གི་གནས་སྟངས་ནི་བྱང་ཀོ་རི་ཡ་ལས་སྡུག་ཚུལ་དང་ད་ལྟའི་ཆར་བོད་ནང་འགྲོ་ཡ་དེ་བྱང་ཀོ་རི་ཡ་ལས་དཀའ་ལས་ཁག་བ་འདུག་ཟེར་འོད་ཟེར་ལགས་ནས་བོད་ནང་གི་བོད་མི་ཕྱི་སྤྱོད་ལག་ཁྱེར་རག་བ་ལ་ལས་ཁུངས་ ༡༠ ལྷག་དུ་འགྲོ་དགོས་ཀྱི་ཡོད་པ་དང་ཕྱི་ལོག་འགྲོ་ཡ་ལག་ཁྱེར་རག་བ་ལས་ལྷ་ཡུལ་འགྲོ་ཡ་ལས་སླ་བ་འདུག་བཅས་རྩོམ་ཡིག་སྤེལ་ཡོད་སྐོར་བརྗོད་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སམས་རགས།