མཆོད་འབུལ་ཞབས་རིམ་བྱེད་སྒོ་ལེགས་གྲུབ།

༄༅།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་ལ་དྭགས་སུ་ཆིབས་ཞལ་བསྒྱུར་ཁར་མགོན་པོ་གང་ཉིད་མཆོག་འདི་ལོའི་ཕྱི་ཟླ་ ༨ པའི་ནང་བདུན་ཕྲག་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བོད་ཀྱི་བསྟན་སྲིད་བདེ་ཐབས་སླད་བཅད་རྒྱར་བཞུགས་རྒྱུ་དང་།  དེའི་རིང་༼བོད་མི་སེར་སྐྱ་མང་ཚོགས་ནས་ཉིན་རེར་མ་ཎི་སྟོང་ཚར་རེ་དང༌།  ཤེས་རབ་སྙིང་པོ་ཚར་གཉིས་རེ། འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ཚར་གཅིག་རེ་བཅས་ཆད་མེད་འདོན་ཐུབ་ན་དགེ་མཚན་ཆེ་སྐོར།༽བཀའ་སློབ་སྩལ་ཕེབས་བྱུང་འདུག་པ་ལྟར། གོང་གསལ་བཀའ་ཁྱབ་གནང་དོན་སྐོར་ཕྱི་ཚེས་  ༣  ཉིན་རྒྱུན་ལས་ཚོགས་འདུར་སྤྱི་མོས་ཀྱིས་གྲོས་ཆོད་ལྟར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་རང་དོན་རང་གཅེས་ཀྱི་ཞབས་རིམ་རྣམས་སྨིན་སྒྲུབ་ཞུས་དང་ཞུ་བཞིན་ཁར་ཕྱི་ཟླ་ ༨  ཚེས་ ༡༧  རེས་གཟའ་སྤེན་པར་ཞོགས་པ་ཚོུད་ ༩/༠༠  ནས་ཉིན་གུང་པར་རི་ཀོན་ཚོགས་ཆུང་མི་མང་ཚོགས་ཁང་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་དགེ་འདུན་སེར་སྐྱ་མི་མང་ཉི་བརྒྱ་བརྒལ་བའི་ཤེས་རབས་སྙིང་པོ་དང།  འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་སྟེ་འཕགས་བསྟོད།  ཡིག་དྲུག་མཎི་སོགས་ཞབས་རིམ་སྨིན་བསྒྲུབ་ཞུས་སོང་བ་དང་མི་མང་སྒྲིག་འཛུགས་ནས་མཆོད་སྤྲིན་རྒྱས་གཤོམ་ཐོག་དགེ་འདུན་རྣམ་པར་སྐུ་ཡོན།  མང་ཚོགས་ལ་གསོལ་ཇ་འབྲས་སིལ་དང།  ཉིན་གུང་དཀར་སྐྱོང་གསོལ་ཚིགས་གཟབ་རྒྱས་གོ་སྒྲིག་ཞུས་འདུག  འཐུས་མི་གཏམ་སྙན་བསོད་ནམས་ལགས་ནས་ཞལ་འདེབས་གནང་མིའི་མཚན་གཞུང་སྒྲོག་བྱང་དང་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་ཐུགས་རྗེ་ཆེ་སོགས་ཞུས་ནས་ཐེངས་འདིའི་མཆོད་འབུལ་ཞབས་རིམ་བྱེད་སྒོ་མཇུག་བསྡུ་ཞུས་སོང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སམས་རགས།