མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་དྲུག་པའི་སྤྱི་སྨན་ཞབས་རིམ་ཚོགས་གནང་།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༠ ནས་་ཟླ་ ༦ པའི་ ཚེས་ ༡ བར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་འཐུས་ཚོགས་དབུ་ཁྲིད་འོག་རི་ཀོན་ཆོས་འཁོར་དགོན་དང་ཀུན་བཟང་མདོ་སྔགས་གླིང་གསུམ་ནས་མ་ཧ་གུ་རུ་འབུམ་ཚོགས་ཐེང་ ༦ པ་འཚོགས་སོང།

འབུམ་ཚོགས་ཆེན་མོའི་དབུ་བླ་འབྲི་གུང་བཀའ་རྒྱུད་སྐྱབས་རྗེ་དབོན་སྤྲུལ་རིན་པོ་ཆེ་གདན་འདྲེན་ཞུས་ཡོད་པ་དང་ཚོགས་ཞུགས་མི་མང་ ༤༦༠ ལྷག་ཕེབས་འདུག་ དབུ་བླ་མཆོག་ནས་ཉིན་དང་པོའི་བཀའ་སློབ་ནང་གནད་ཡོད་མི་སྣ་རྣམས་སུ་འཚམས་འདྲི་དང་ཟབ་མོ་ཆོས་ཀྱི་འཁོར་ལོ་སྐོར་བ་ལ་མ་ཧ་གུ་རུ་འབུམ་ཚོགས་ཀྱིས་ཕན་ཡོན་དང་འབྲེལ་བའི་དུས་ཚོད་གཉན་འཕྲང་ཅན་འདི་ལ་མ་ཧ་གུ་རུ་འབུམ་ཚོགས་འདི་གལ་ཆེན་ཡིན་པ་དང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོད་པའི་ནང་ནས་བསོད་ནམས་ཀྱི་ཚོགས་བསགས་ཀྱི་ཡོད་གསུང་སོང་། སྔར་ཝི་ལྡན་སི་ཝིལ་ཚོགས་ཆུང་ནས་ཁང་བླ་སྦྱིན་བདག་གནང་བ་བཞིན་ད་རེས་མ་ཧ་གུ་རུ་འབུམ་ཚོགས་འདི་ས་གནས་ཨརགྷའོ་དུ་འཚོགས་ཡོད་པས
ཚོགས་ཁང་སྦྱིན་བདག་ཀང་བླ་ཨརགྷའོ་ཚོགས་ཆུང་ནས་སྦྱིན་བདག་གནང་ཡོད་པ་རེད་ཚོགས་ཁང་འདི་མཐུན་རྐྱེན་ཡག་པོ་དང་མོ་ཊ་བཞགས་ས་སོགས་ཡག་པོ་འདུག་ཞེས་མི་མང་རེ་ཟུང་ནས་གསུང་སོང།

གསར་འགོད་པ་ཝང་དཀར་ཚེ་རིང་ནོར་བུ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།