མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་ཉིན་གསུམ་པ།

སྔ་འདྲོ་ཆུ་ཚོད་ ༨།༣༠ ཐོག་མི་མང་རྣམས་འདུ་འཛོམས་གནང་། དེ་རྗེས་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་འཇིག་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་གདན་ཞུ་དང་བཅས་དད་ལྡན་མི་མང་ ༤༠༠ སྐོར་ལྷན་ཞུགས་ཐོག་ཉིན་གསུམ་པའི་ཚོགས་འབུམ་ཆེན་མོ་དབུ་འཛུགས་ཞུས།

དགོང་དྲོ་༡༧/༡༥ ཐོག་མ་ཧྰ་གུ་རུ་འབུམ་ཚོགས་ཆེན་མོ་ཚོགས་ཐེང་དང་པོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་དད་ལྡན་སྦྱིན་བདག་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མཇུག་བསྡོམས་གསུང་བཤད་གནང་། དབུ་བླ་སྨིན་གླིང་མཁན་ཆེན་མཆོག་ནས་ལེགས་གསོའི་ཕྱག་འཁྱེར་དང་དད་ལྡན་མང་ཚོགས་ལ་བྱིན་འབེབས་མཇལ་ཁ་བརྩལ།  དེ་ནས་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་མང་ཚོགས་ལ་ཐེངས་འདིའི་ཞལ་འདེབས་དངུལ་འབབ་དང་དེ་བཞིན་གསོལ་ཞིབ་ཕྱུ་ར་གྲོ་དམར་ལ་སོགས་པ་ཇི་བྱུང་གསལ་བཤད་གནང་།

དེ་རྗེས་དགོང་དྲོའི་གསོལ་ཚིགས་རྒྱས་པ་ཞིག་བཅས་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཐེངས་དང་པོའི་ཚོགས་འབུམ་ཆེན་མོ་རྒྱལ་ཁའི་ངང་མཇུག་བསྒྲིལ་ལོ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སམས་རགས།