མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་གཉིས་པ།

༄༅། བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་བོད་ཟླ་ ༣ ཚེས་ ༢༧ ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་༡༥ རེས་གཟའ་པ་སངས་ཉིན། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདེན་མཆོག་བླ་ན་མེད་པ་སྤྱོ་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང། བསྟན་དང་འགྲོ་བའི་རླབས་ཆེན་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པ། བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་དཔའ་བོ་དཔའ་མོ་རྣམས་དང།

ལྷག་དོན་ཉེ་བའི་ཆར་བལ་ཡུལ་གཙོས་བོད་དང་།རྒྱ་གར་བཅས་ལ་ས་ཡོམས་ཀྱིས་བརྐྱེན་པའི་མི་ཕྱུགས་མང་པོའི་ཚེ་སྲོག་ཤོར་བ་དང་། རྒྱུ་དངོས་ཚད་མེད་གྱོང་གུན་ཕོག་པ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་མཆོད་འབུལ། དེ་བཞིན་བོད་མི་ཡོད་དོ་ཅོག་གི་སྤྱི་མཐུན་བསོད་ནམས་གོང་འཕེལ་དང་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་འཕྲལ་ཡུན་དགའ་བདེའི་དཔལ་ལ་རོལ་བའི་དགེ་ཚོགས་མཐའ་དག་གི་ཆེད། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ཀྱིས་མ་ཧཱ་གུ་རུའི་ཚོགས་འབུམ་གྱི་སྤྱི་སྨན་ཞབས་རིམ་ཞིག་ལོ་ལྟར་གོ་སྒྲིག་ཞུ་བར་མང་མོས་གྲོས་ཆོད་ལྟར། ས་གནས་མི་མང་དང། རི་ཀོན་ཆོས་འཁོར་དགོན། ཀུན་བཟང་མདོ་སྔགས་གླིང་( ཚེས་བཅུ་ཚོགས་པ་) བཅས་མཉམ་འབྲེལ་གྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༤ ཉིན་ནས་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་འདུག 

ད་རེས་ཀྱི་དབུ་བླ་སྟག་ལུང་ཞབས་དྲུང་རིན་པོ་ཆེས་དབུས་རི་ཀོན་ཆོས་འཁོར་དགོན་མཁན་རིན་པོ་ཆེ་དང་སྐྱབས་གནས་དགེ་འདུན་རྣམ་པ། ཡང་དེ་རིང་ཚོགས་བཞུགས་བའི་ནང་དབུས་བོད་མིའི་སྒྲིགས་འཛུགས་ནས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཡུ་རོབ་ནང་ཕྱོགས་བཞུགས་བོད་མི་མང་སྤྱི་ཟུར་རྣམ་པ། སྐབས་བཅུ་དྲུག་པའི་ཚོགས་གཙོ་བགྲེས་གཞོན་གཙོས་ས་འཐུས་རྣམ་པ། ཚེས་བཅུ་ཚོགས་པའི་ཚོགས་མི་དང། ས་གནས་མི་མང་བཅས་མི་གྲངས་ ༢༠༠ སྐོར་ཚོགས་བཞུགས་གནང་བས་དེ་རེ་ཉིན་གཉིས་པའི་ཚོགས་སྨོན་གནང་སྒྲུབ།

ཡང་ཉིན་འདིར་དབུ་བླ་བསྟན་འཛིན་འགྱུར་མེད་མཆོག་གི་འཁྲུངས་སྐར་ཡིན་པའི་མི་མང་ཚོགས་གཙོ་གནས་འཚམས་འདྲི་གཟབ་རྒྱས་ཞུས་པའི་གནས་བསྡུས་སུ།།

བསམ་པ་དོན་གྲུབ་དང་ཙར་མ་བསྟན་འཛིན་གཉིས་ནས། 

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 9 སྡོམས་རོགས།