བློ་བཟང་སེངྒེ་མཆོག་གིས་ཟས་བཅད་ངོ་རྒོལ་བར་གདུང་སེམས་མཉམ་སྐྱེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༥ཚེས་༡༦ཉིན། ཟླ་འདིའི་ཚེས་༡༢ཉིན་གསར་དུ་འདེམས་ཐོན་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་གིས། ལྡི་ལི་རུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་ཀྱི་གཞོན་ནུའི་རྒྱུན་ལས་གསུམ་དང་མཇལ་འཕྲད་གནང་འདུགདེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གསར་པའི་ས་གནས་ཇན་ཐར་མན་ཐར་རུ། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་དང༌། ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས། དངུལ་རྩིས་དྲུང་ཆེ་དཀོན་མཆོག་ཡར་འཕེལ་ལགས་གསུམ་གྱིས། རྒྱ་ནག་གཞུང་གིས་ཨ་མདོ་རྔ་པ་ཁུལ་དུ་དམ་དྲག་བཙན་གནོན་བྱེད་བཞིན་པར་ཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་འོག་ཟས་བཅད་ངོ་རྒོལ་གནང་སར་གསར་དུ་འདེམས་ཐོན་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་ཆེད་དུ་ཕེབས་ནས། ངོས་རང་འདིར་ཡོང་དགོས་དོན་དེ་རྣམ་པ་ཚོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང༌། ངོས་ཀྱིས་བོད་མི་རྣམས་ཀྱི་ཚབ་ཞུས་ནས་ཁྱེད་རྣམ་པར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུགམཁས་དབང་བློ་བཟང་སེངྒེ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་གནང་ནས་ཁྱོན་ཉིན་གྲངས་༡༨ཕྱིན་ཡོད་པ་དང༌། ཟས་བཅད་ངོ་རྒོལ་བྱེད་དོན་ནི། རྔ་པ་ཀིརྟི་དགོན་པའི་ནང་རྒྱ་ནག་གི་དྲག་ཆས་དམག་དཔུང་ཕྲལ་དུ་ཕྱི་འཐེན་བྱེད་དགོས་པ་དང༌། ཉེ་ཆར་རྔ་པ་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པའི་དགོས་འདུན་འདོན་གྱིན་ཡོད་པ་རེད།བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་ནི་༼དབུ་མའི་ལམ་༽ཡིན་པ་དང༌། དེས་རྒྱ་ནག་ནང་ལོག་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་དགོས་ཀྱི་ཡོད་པའི་དགོན་འདུན་འདོན་གྱི་ཡོད་པ་རེད། ངོས་རང་བཀའ་ཁྲིའི་དུས་ཡུན་དུ་ལམ་ཕྱོགས་དེའི་ཐོག་ཤར་སྐྱོད་བྱ་རྒྱུ་དང༌། ངོས་ཀྱིས་བཀའ་ཤག་གི་ལས་དུས་དངོས་སུ་འདི་ལོ་ཕྱི་ཟླ་༨པའི་ནང་འགོ་འཛུགས་བྱ་རྒྱུ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་གནང་འདུགཡང་མཁས་དབང་བློ་བཟང་སེངྒེ་མཆོག་གིས། ཁོང་ཉིད་དེ་སྔོན་རྒྱ་ནག་གི་དབང་འཛིན་པ་དང་དངོས་སུ་འབྲེལ་གཏུགས་བྱེད་མྱོང་མེད་ཀྱང༌། མ་འོངས་ཁོང་ཉིད་བཀའ་བློན་ཁྲི་པ་ཞིག་གི་ངོས་ནས་ལས་འགན་དང་པོ་དེ། བོད་ནང་དུ་ཡོད་པའི་བོད་མི་དེ་ཚོའི་རང་དབང་སླར་གསོ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞི་བདེ་བག་ཕེགས་ཐོག་ཕྱིར་ལྷ་སར་ཆིབས་བསྒྱུར་གནང་ཐུབ་ཐབས་བྱ་རྒྱུ་དེ་རེད་ཅེས་གསུངས་འདུགབོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས། དེ་རིང་འདིར་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་ནས་ཉིན་གྲངས་༡༨ཕྱིན་པ་རེད། ཟས་བཅད་ངོ་རྒོལ་བྱེད་དགོས་དོན་དེ་ཀིརྟི་དགོན་པའི་ནང་ཡོད་པའི་རྒྱ་གཞུང་གི་དྲག་ཆས་དམག་མི་རྣམས་ཕྱི་འཐེན་དང༌། ཨ་མདོ་རྔ་པ་ཁུལ་ཐེ་བའི་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་ནང་དུ་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པ། མ་ཚད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་བོད་ནང་དུ་འགྲོ་ནས་བོད་ནང་དུ་ཆབ་སྲིད་བཙོན་པའི་གནས་སྟངས་རྟོགས་ཞིབ་བྱ་རྒྱུ་སོགས་དགོས་འདུན་འདོན་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུགགཞན་ཡང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ཁོང་གསུམ་པོ་ནི་ང་ཚོའི་སྤྱི་ཚོགས་ནང་དངོས་ནས་ལས་དོན་ལ་སྣེ་ཁྲིད་མཁན་དག་ཡིན་དུས། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཡང་གནང་ཡོད་པའི་གནས་ཚུལ་ཐོན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།