བྱིས་པར་དཔེ་ཀློག་བྱེད་སྟངས་ཅི་ལྟར་སློབ་དགོས་སམ། 

༽ སྐད་གསེང་མཐོན་པོས་ཀློགས།

ཁྱེད་ཀྱི་བྱིས་པར་དཔེ་ཀློག་བྱེད་རྒྱུ་སློབ་པ་ནི་བྱ་བའི་རྒྱུད་རིམ་ངེས་ཅན་ཞིག་ཡིན་པ་དང་དེ་ཡང་ཁྱེད་ཀྱི་ཕྲུ་གུ་མ་འབྱར་ཡིན་དུས་ནས་འགོ་འཛུགས་དགོས་པ་ཞིག་ཡིན།
ཡིན་ཡང་ཚོན་མདོག་ཅན་གྱི་ཤོག་བྱང་དེ་འདྲ་བེད་སྤྱད་དེ་ཁྱེད་ཀྱི་ཕྲུ་གུ་ལ་དཔེ་ཀློག་བྱེད་དུ་འཇུག་དགོས་ཟེར་ནས་སྐུལ་སློང་བྱེད་ཀྱི་གཏན་ནས་མེད། ངས་ཅི་ཞིག་སྐུལ་སློང་བྱེད་ཀྱི་ཡོད་ཟེར་ན། ཁྱེད་ཀྱི་ཕྲུ་གུ་སྐྱེས་པ་དང་སྨན་ཁང་ནས་ནང་དུ་མ་ཡོང་བའི་དུས་ཚོད་དེ་ནས་དཔེ་ཀློག་བྱེད་རྒྱུ་འགོ་འཛུགས་དགོས།  འདི་ནི་ཕྲུ་གུ་དང་ཁྱེད་གཉིས་ཀྱི་བར་དུ་འབྲེལ་བ་དམིགས་བསལ་བ་ཞིག་བསྐྲུན་པ་ཙམ་མ་ཡིན་པར་ག་ལེར་ཕྲུ་གུ་རང་ཉིད་དཔེ་དེབ་ལ་དགའ་རུ་འཇུག་རྒྱུ་དེ་ཡིན།

དཔེ་ཀློག་ལ་སྤྲོ་སྣང་སྐྱེ་བ་ནི་ཕྲུ་གུ་སློབ་གྲྭར་འགྲོ་བའི་དུས་སྐབས་སུ་ཀློག་པ་པོ་ཚད་ལྡན་ཞིག་ཡོང་བར་ཁག་ཐེག་བྱེད་ཐུབ་པའི་ལམ་ཁ་ཉག་གཅིག་ཡིན། གལ་ཏེ་ཕྲུ་གུ་ཆུང་དུས་ནས་དཔེ་ཀློག་བྱེད་པར་སྤྲོ་སྣང་སྐྱེས་སུ་འཇུག་མ་ཐུབ་པ་ཡིན་ན་དེས་མ་འོངས་པར་ཕྲུ་གུའི་ནུས་པ་ལ་བར་གཅོད་བྱེད་པའི་ཉེན་ཁ་ཡོད།

ཁྱེད་ཀྱི་ཕྲུ་གུ་ལ་དཔེ་ཀློག་ཅི་ཙམ་བྱེད་ཐུབ་མིན་དེ་ཕྱོགས་ཡོངས་ནས་ཁྱེད་དང་ཁྱེད་ཀྱི་ནང་མི་ལ་རག་ལས་པ་ཞིག་ཡིན། ཡིན་ན་ཡང་ངས་ཁྱེད་ལ་གྲོས་གཞི་འདོན་རྒྱུ་ཞིག་ལ་ཉུང་མཐར་ཉིན་གཅིག་ལ་དེབ་གསུམ་ནས་བཞི་ཀློག་ཐུབ་པའི་དམིགས་ཚད་འཛིན་དགོས། དེ་ལྟར་ཁྱེད་ཀྱི་ཕྲུ་གུ་མཚར་ལོངས་བྱུང་ནས་ཙོག་བུར་རྒྱུན་རིང་ཙམ་འདུག་ཐུབ་པ་དང་སྟབས་བསྟུན་ཁྱེད་དང་ཁྱེད་ཀྱི་ནང་མིས་ཉིན་གཅིག་ལ་སྐར་མ་ཉི་ཤུ་ལ་ཕྲུ་གུའི་མཉམ་དུ་དཔེ་ཀློག་བྱ་ཐུབ་པའི་དམིགས་ཚད་འཛིན་དགོས།

འདི་ནས་ཁྱེད་ཀྱི་ཕྲུ་གུ་ལ་དཔེ་དེབ་ཅི་འདྲ་ཞིག་ཀློག་དགོས་པའི་བསམ་ཚུལ་ཞིག་འདོན། ཡིན་ན་དཔེེ་དེབ་ཅི་འདྲ་ཞིག་བཀླགས་ན་ཕྲུ་གུས་དེ་ལ་དགའ་མོས་བྱེད་པའམ་དོ་སྣང་སྤྲོད་པ་དེའི་རིགས་ཀྱི་དཔེ་དེབ་ཀློག་ལོས་ཆོག

༡ ཕྲུ་གུ་་ལོ་གཅིག་ཅན་ལ་གོག་གླུ།(Lullabies) ཤོག་ལེབ་མཐུག་པོ་ཡིན་པའི་དཔེ་དེབ།(པར་རིས་དངོས་མ་ཡིན་པ།) མདུན་ཤོག་མཐུག་པོ་ཡིན་པ་གང་ཞིག་ལ་རས་ཆས་ཀྱིས་བཟོས་པའི་དཔེ་དེབ།(འབུར་གཟུགས་ཅན།)     

༢ ཕྲུ་གུ་ལོ་གཅིག་ནས་གསུམ་ཅན་ལ་དབྱངས་འགྲོས་ཡོད་པའི་དཔེ་དེབ། གླུ་གཞས་ཀྱི་དཔེ་དེབ། པར་རིས་ཅན་གྱི་དཔེ་དེབ་དང་སྒྲུང་ཐུང་།

༣ ཕྲུ་གུ་ལོ་གསུམ་ནས་ལྔ་ཅན་ལ་དབྱངས་དང་གསལ་བྱེད་ཅན་གྱི་དཔེ་དེབ། གླུ་གཞས་ཀྱི་དཔེ་དེབ། པར་རིས་ཅན་གྱི་དཔེ་དེབ། དབྱངས་འགྲོས་ཡོད་པའི་དཔེ་དེབ་ཀློག་དགོས།

༢༽ ཕྲུ་གུ་ལ་དྲི་བ་འདོན་དགོས།

དཔེ་དེབ་ཀློག་པའི་སྐབས་སུ་ཕྲུ་གུ་ལ་དྲི་བ་འདོན་པ་ནི་ཆེས་རྨད་དུ་བྱུང་བའི་ཐབས་ལམ་སྟེ་ཕྲུ་གུ་དང་དཔེ་དེབ་གཉིས་ཀྱི་བར་ཏུ་འབྲེལ་འདྲིས་ཟབ་ཏུ་གཏོང་བ་ཙམ་མ་ཡིན་པར་དཔེ་དེབ་ཀྱི་ནང་དོན་བློ་ཡིད་དུ་ངེས་པར་བྱེད་པའི་ཕྲུ་གུའི་ནུས་པ་ཡར་རྒྱས་འགྲོ་བར་ཤུགས་རྐྱེན་རླབས་ཆེན་ཐེབས་པ་ཡིན།

ཁྱེད་ཀྱི་ཕྲུ་གུ་ཆུང་ངུའི་དུས་ནས་དྲི་བ་འདོན་དགོས། དཔེར་ན་ཞི་མིའི་པར་ངོས་སུ་འཛུབ་མོ་བཙུགས་ནས་”ཁྱེད་ཀྱིས་འདི་མཐོང་གི་འདུག་གམ་”ལྟ་བུའི་དྲི་བ་འདོན་དགོས། འདིས་ཁོའི་ཐ་སྙད་ཕྱུག་ཏུ་གཏོང་ཙམ་མ་ཡིན་པར་ཁོས་ཅི་ཞིག་ཀློག་གིན་པའི་ནང་དོན་རྟོགས་པའི་ནུས་པ་སྐྱེད་སྲིང་བྱ་ངེས། ཏོག་ཙམ་འཚར་ལོངས་བྱུང་རྗེས་སེམས་ཅན་གང་རུང་གི་པར་སྟོན་རུ་བཅུགས་ཏེ་སེམས་ཅན་དེས་སྐད་ཅི་ལྟར་རྒྱག་མིན་དེ་ལ་ལད་མོ་བྱེད་དུ་འཇུག་དགོས།
སོམས་དང་། ཁྱེད་ཀྱིས་ཕྲུ་གུ་ལ་དཔེ་དེབ་ཀློག་པའི་དམིགས་ཡུལ་གཙོ་བོ་ནི་ཐ་སྙད་ཀྱི་གོ་དོན་ཙམ་རྟོགས་རྒྱུ་དེ་ཙམ་མ་རེད། དང་པོ་ཕྲུ་གུས་”དཔེ་ཀློག་”ཅེས་པའི་ཐ་སྙད་འདིའི་ནང་དོན་འདི་ཙམ་ཤེས་ཀྱི་མེད། དེར་བརྟེན་ཕྲུ་གུས་ཅི་ཞིག་ཀློག་བཞིན་པའི་གོ་དོན་རྟོགས་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པས། ཕྲུ་གུའི་འཚར་ལོངས་དང་སྟབས་བསྟུན་ཐ་སྙད་རེ་རེ་བཞིན་སྒྲུང་གི་ནང་དོན་སེམས་སུ་ངེས་རུ་འཇུག་དགོས། ནང་དོན་ཏོག་ཙམ་ཡང་མ་གོ་བར་དཔེ་ཀློག་བྱེད་པ་ནི་དོན་དག་མེད་པ་ཞིག་རེད།

ཁྱེད་ཀྱི་ཕྲུ་གུ་ལོ་གཉིས་དང་གསུམ་ཡིན་པའི་སྐབས་སུ་སྒྲུང་དེབ་མ་ཀློག་གོང་དང་ཡང་ན་ཀློག་ཚར་རྗེས་ཡང་ན་ཀློག་བཞིན་པའི་སྐབས་སུ་ཡང་དྲི་བ་འདོན་དགོས། སྒྲུང་དེབ་ཀློག་བཞིན་པའི་སྐབས་སུ་རྗེས་ནས་དོན་དག་ཅི་ཞིག་འབྱུང་སྲིད་པ་དང་ཡང་ན་སྒྲུང་དེའི་ནང་གི་མི་སྣ་ག་གེ་མོ་དེས་དམིགས་བསལ་གྱི་གདམ་ཀ་ཅི་འདྲ་ཞིག་བྱ་མིན། མི་སྣ་ག་གེ་མོ་དེའི་སྟེང་ནས་དམིགས་བསལ་གྱི་ཚོར་སྣང་སྐྱེན་པོ་དེ་འདྲ་སྟེར་གྱི་ཡོད་མེད།  གལ་ཏེ་ཚོར་བ་སྐྱེན་པོ་དེ་འདྲ་སྟེར་གྱི་འདུག་ན་དེ་ཡོང་དགོས་པའི་གནད་དོན་ངོས་འཛིན་བྱེད་དགོས། དེ་བཞིན་ཕྲུ་གུ་རང་ཉིད་ལ་ཚོར་བ་སྐྱེན་པོ་དེ་འདྲ་སླེབས་མྱོངཡོད་མེད་སོགས་འདྲི་དགོས།
སྒྲུང་དེབ་ཀློག་ཚར་རྗེས་སྒྲུང་དེའི་ནང་དོན་ཅི་བྱུང་བཤད་དུ་འཇུག་དགོས་པ་དང་། ཕྲུ་གུ་རང་ཉིད་ཀྱིས་ཚོད་དཔག་བྱས་པའི་སྒྲུང་གི་མཇུག་འབྲས་ཏེ་མངོན་འགྱུར་བྱུང་ཡོད་མེད་སོགས་འདྲི་དགོས།
ཡུམ་སྐྱབས་ཀྱིས་བསྒྱུར།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 2 སམས་རགས།