བོད་སློབས་འགན་འཛིན་ཚོགས་འདུ་ཐེང་དང་པོ་ཚོགས།

སུད་སི་དང་ལིག་ཏེན་སིཊཡན་སྐབས་༡༧ པའི་བོད་སློབ་འགན་འཛིན་ལྷན་ཚོགས་ཚོགས་འདུ་ཚོགས་ཐེངས་དང་པོའི་ཐོག། སུད་སི་རྒྱ་ཡོངས་བོད་སློབ་སྤྱི་ཁྱབ་འགན་འཛིན་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་རྣམ་པ་དབུ་བཞུགས་ཐོག། སུད་སི་རྒྱ་ཡོངས་བོད་སློབ་འགན་འཛིན་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་༢༠༡༨ ཟླ་བ་༤ བའི་ཚེས་༢༢ ཉིན་སུད་སི་རྒྱལ་ས་ཛུ་རིགས་མི་མང་ཚོགས་ཁང་དུ་ཚོགས་ཡོད་པ་དང། ཚོགས་འདུ་ཚོགས་དགོས་པའི་དགོས་པ་རྒྱུ་མཚན་གཙོ་བོ་ནི་སུད་སི་ནང་དུ་བོད་པའི་ན་གཞོན་མང་པོ་ཞིག་ཡོད་པ་ཡིན་ཙམ་དེ་རྣམས་ལ་ང་ཚོའི་བོད་པའི་ཆོས་དང་རིགས་གཞུང་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་ཡར་རྒྱས་ག་འདྲ་གཏོང་དགོས་མིན་བསྐོར་དང་བོད་ཡིག་སློབ་གྲྭ་མང་པོ་ཞིག་ཡོད་དུས་སློབ་ཕྲུ་དེ་ཚོར་སློབ་དེབ་ག་འདྲ་དགོས་མིན་ ་ཡིག་གཟུགས་ག་འདྲ་ཞིག་གི་ཐོག་ནས་སླབ་ན་དགེ་མཚན་ཆེ་ལུགས་སོགས་ཧ་ཅང་གི་བསལ་ཚུལ་མང་པོ་ཞིག་སྡུ་རུབ་བྱས་ནས་ཐག་བཅོད་དེ་ཚོགས་ཐེངས་གཉིས་པའི་སྐབས་སུ་བྱ་རྒྱུ་བྱུང་ཡོད་པ་རེད།། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སམས་རགས།