བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོ། ཕྱི་ལོ་ ༢༠༡༤ ཕྱི་ཟླ ༤ ཚེས་ ༢༦ རེས་གཟའ་སྤེན་པ་ཉིན

༄།།  བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོ། ཕྱི་ལོ་ ༢༠༡༤ ཕྱི་ཟླ ༤ ཚེས་ ༢༦ རེས་གཟའ་སྤེན་པ་ཉིན་སུད་སི་དང་ལིཀ་ཊེན་སིཊཡན་ས་གནས་སྦ་སལ་བོད་རིགས་ཚོགས་ཆུང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་ལ་སྐུ་མགྲོན་གཙོ་བོ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་དགེ་འདུན་རྣམ་པ། ཡུ་རོབ་སྤྱི་འཐུས་དང་།   སྤྱི་འཐུས་ཟུར་པ་རྣམ་པ།   སུད་སི་དང་ལིཀ་ཏེན་སིཊཡན་སྐབས་བཅོ་ལྔ་པའི་ཚོགས་གཙོ་དང་ཚོགས་གཞོན།  ས་གནས་འཐུས་མི་རྣམ་པ། སྐུ་ཚབ་དོན་གཅོད་ཁང་གི་དྲུང་ལས་མཆོག་དང་།

དེ་ག་ནང་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པའི་གཙོས་པའི་མི་མང་༦༠༠ ལྷག་འདུ་འཛོམས་གནང་ཐོག་བོད་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲི་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེ་དང་བཅས་སྦ་སལ་ཟློས་གར་ཚོགས་པ་ དང་སྐུ་མགྲོན་རྣམ་པའི་སྣེ་ཁྲིད་ནས་གདན་འདྲེན་ཞུས་ཏེ་སྐུ་མགྲོན་དང་མཛད་གཙོ་རྣམ་པས་མཇལ་དར་ཕུལ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གདངས་དང་བཅས་གསུང་སོང།།བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཆེད་ངག་བཅད་སྐར་མ་ ༡ རིང་གནང་། །དེ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་དགེ་འདུན་རྣམ་པའི་སྨོན་ལམ་དང་རྒྱལ་བའི་ཞབས་བསྟན་སོགས་གསུངས། །བོད་ཀྱིས་གཞས་པ་དང་གཞས་མ་གྲངས་ ༡༦ ལྷག་གིས་རིགས་གཞུང་འཁྲབ་སྟོན་གནང་སོང།  རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་ ༠༤  ཐོག་མཛད་སྒོ་བཀྲ་ཤིས་ལོ་ལེགས་ངང་མཇུག་བསྒྲིལ་སོང་། །ས་འཐུས་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།