བོད་ཡིག་སློབ་གྲྭའི་གནས་ཚད་ཡར་རྒྱས་གཏང་སླད་ཚོགས་འདུ་གནང་།

༄༅།  སྐབས་བཅུ་དྲུག་པའི་འཐུས་ཚོགས་ཀྱིས་སུད་སི་ཁུལ་ཀྱི་བོད་རིགས་གནས་སྡོད་བྱེད་བཞིན་པའི་མངའ་སྡེ་ཁག་གི་གཟའ་མཇུག་གི་བོད་ཡིག་སློབ་གྲྭའི་གནས་ཚད་ཡར་རྒྱས་གཏང་སླད་ཆེད་བཙུགས་གནང་བའི་ཉམས་ཞིབ་སྡེ་ཚན་གྱིས་ཟླ་འདིའི་ཚེས་ ༡༡  ཉིན་ས་གནས་སོ་ལོ་ཐོན་བོད་ཡིག་སློབ་གྲྭ་ནས་འགོ་འཛུགས་གནང་།

རེས་གཟའ་ཉི་མའི་ཉིན་སོ་ལོ་ཐོན་ས་གནས་འཐུས་མི་དང་བོད་སློབ་འགན་འཛིན་གཙོས་དགེ་རྒན་རྣམ་པ་དང་འབྲེལ་ཡོད་མི་སྣ་ཁག་ཅིག ཕ་མ་དང་སློབ་ཕྲུག་སོགས་ལྷན་འཛོམས་ཀྱིས་སློབ་གྲྭའི་ཕྱོགས་ཡོངས་ལ་བགྲོ་གླེང་གནང་ཡོད་པ་དང་། དམིགས་བསལ་གྱི་སློབ་ཕྲུག་ཚོར་བོད་ཡིག་སྦྱོང་བར་དཀའ་ངལ་ཅི་རིགས་འཕྲད་ཀྱིན་པའི་ཐད་ལ་དྲི་བ་དྲི་ལན་ལྷུག་པོར་གནང་།

བོད་སློབ་ཉམས་ཞིབ་ཚོགས་ཆུང་ནི་སུད་སུའི་སྐབས་བཅུ་དྲུག་པའི་འཐུས་ཚོགས་ནས་སུད་སིར་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་ཕྱི་རབས་པ་རྣམས་ལ་བོད་ཡིག་གི་གནས་ཚད་མཐོར་འདེགས་བྱ་བར་ཁོར་ཡུག་ཅི་ལྟ་བུ་ཞིག་བསྐྲུན་དགོས་པའི་ཐད་ས་གནས་སོ་སོར་དངོས་བཅར་གྱིས་དཀའ་ངལ་ཁག་ཅི་ཡོད་ཞིབ་འཇུག་བྱེད་ནས་བོད་སྐད་ཡིག་གེའི་གནས་ཚད་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུའི་ལས་འཆར་ཞིག་ཡིན་འདུག  ཉམས་ཞིབ་ཚོགས་ཆུང་གིས

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།