བོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིབ་འཇུག་ཚོགས་པ་ཞོག་ངེས་གཏོང་དགོས་པ་འབོད་བསྐུལ་ལས་འགུལ་ཐེང་༩ པ་གནང་བ།

སུད་སི་དང་ལེཀ་ཏེན་སྤྲཡན་བོད་རིགས་མི་མང་གི་ལོ་གཉིས་ཀྱི་ལས་འཆར་ཚོགས་ཆུང་ཆ་བགོས་བཞིན་ ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༢ ཚེས་ ༢༧ རེས་གཟའ་ཟླ་བ་ཉིན་ཞོགས་པ་ཆུ་ཚོད་ ༡༢ ནས་ དགོང་དྲོ་ཆུ་ཚོད་ ༡༦ བར་རྗི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ས་གནས་ཚོགས་ཆུང་རྫུ་རིག་དངཝེ་ལྡནསི་ ཝིལ་གཉིས་ནས་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་པའི་བོད་ཀྱི་འབྲོག་པ་རྣམས་རང་ཉིད་ཀྱིས་རྒྱུས་མངའ་ཡོད་པའི་འཚོ་རྟེན་དང་ས་གནས་བཞག་སྟེ་ཁོང་ཚོར་གཏན་འཇགས་སྡོད་ཁང་གསར་རྒྱག་བྱས་ཏེ་དེར་བཙན་ཐབས་ཀྱིས་གནས་སྤོ་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྤྱི་ལོ༡༩༤༩ལོར་རྒྱ་དམག་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མི་འབུམ་ཕྲག་མང་པོ་དམར་གསོད་དང་ རྐྱེན་འདས་སུ་བཏང་བ་རྣམས་དང་ལྷག་པར་དུ་བོད་མི་ཚོས་བདེན་དོན་གྱི་ཆེད་དུ་གཅིག་རྗེས་གཉིས་བསྟུད་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་སྟེང་བོད་དོན་རྒྱབ་སྐྱོར་ཚོག་པའི་(Ms. Bonget Mr.Tacqnes Arual སོགས་ཀྱིས་གཙོས་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་བཅས་མི་གྲངས་ ༧༠ ལྷག་མཉམ་ཞུགས་གནང་ཡོད་འདུག་ལས་འགུལ་ཐོག་ས་གནསའཛུ་རིག་ཚོགས་གཙོ་རོང་པོ་ཡ་མ་ཚང་བསྟན་རྣམ་ཕུན་ཚོགས་ཀྱི་ལས་འགུལ་ངོ་སྤྲོད་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་འཛུགས་སྐྲུན་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་འབྲོག་པ་གནས་སྤོ་བྱས་པའི་གཏན་འཇགས་སྡོད་ཁང་དེ་ཚོའི་ནང་ཞིང་ལས་ཀྱི་འཚོ་རྟེན་ཡག་པོ་མེད་པའི་ཁར་འཚོ་བའི་རྟེན་གཞིའི་ལས་ཀ་གཞན་འཐོབ་རྒྱུའི་གོ་སྐབས་དེ་ཙམ་མེད་པ་མ་ཟད། ལས་ཀ་གང་ཡོད་པ་རྣམས་རྒྱ་རིགས་ཚོར་ཤོར་གྱི་ཡོད་པའི་གནས་ཚུལ་ཡོང་བཞིན་ཡོད་པར་བརྟེན། བོད་མིའི་འབྲོག་པ་རྣམས་གཏན་འཇགས་སྡོད་ཁང་དུ་གནས་སྤོ་བྱས་ན། རང་གི་ཕ་མེས་ནས་རྒྱུས་མངའ་ཡོད་པའི་འཚོ་རྟེན་བརླགས་ པ་དང་། ལས་ཀ་གཞན་ཡང་མ་ཐོབ་པར་ལུས་རྒྱུ་ཡིན་པར་བརྟེན། འབྲོག་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་སྟབས། བཙན་ཐབས་ཀྱིས་གནས་སྤོ་བྱེད་པ་ནི་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེ་གསོང་སོང་།  ཐེངས་འདིའི་ལས་འགུལ་ཐོག་བོད་ནང་སྐུ་ལུས་མེ་ལ་སྲེག་མཁན་དཔའ་བོ་ དཔའ་མོ་རྣམས་ཀྱི་སྐུ་པར་རྒྱལ་ཚོག་གི་སྒའི་འགྲམ་དུ་བཞགས་པ་ཡིན་པར་དེ་དག་ལ་ཕྱི་ལོག་ཡོང་བའི་རྒྱ་རིགས་དང་དབྱིན་རྗེ་མང་པོ་ཞིག་གིས་ལྟས་ནས་པར་རྒྱབ་པ་དང་དོ་སྣང་ཆེན་པོ་བྱས་ཡོད་པ་དང་དེས་མ་ཚད་ATS གསར་འགོད་པ་ཡང་སླེབ་ཡོད་པ་རེད། མཐར་ཚོགས་གཙོ་མཆོག་ནས་ལས་འགུལ་འཕྱར་གྲུབ་མཉམ་འདེགས་གནང་བར་ཐུགས་རྫེ་ཆེ་ཞུས་པ་དང་བོད་རྒྱལ་ལོ་ཞེས་ཚིག་སྒྲ་སྒྲོགས་བཞིན་མཇུག་བསྡུས་གནང་སོང་།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 9 སྡོམས་རོགས།