བོད་དོན་འཐབ་བརྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཟླ་བ་གཅིག་རིང་ཡོ་རོབ་སྐོར་བསྐྱོད་ལ་ཕེབས་པ།

ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༢ ཉིན་ ཕྱག་ཚོད་ ༢༠།༣༠ ཐོག་བོད་དོན་འཐབས་བརྩོད་པ་བསྟན་འཛིན་བརྩོན་འགྲུས་མཆོག་སུད་སི་རྒྱལ་ས་ཛུ་རིག་གནམ་ཐང་དུ་འབྱོར་བྱུང།
བུད་མེད་ཚོགས་པའི་ཚོགས་གཙོ་ཨ་ཅག་ཚེ་རིང་གཡུ་སྒྲོན་དང་ཚོག་གཞོན་པ་སངས་ལགས་གཙོས་པའི་མི་མང་ཕེབས་བསུ་གཅར་མཁན་མང་པོ་འདུག།

མི་མང་ཕེབས་བསུ་གཅར་མཁན་ ས་གནས་ ས་ཊི་གྷ་ལན་དང་ ཤ་ཧྥ་འོ་སན་ ཤི་ཝི་རྩི་ བྷ་སལ་ ཨར་གྷའོ་ སོགས་ས་ཐག་རིང་པོ་ནས་ཕེབས་མཁན་ཡང་འདུག་ལ་ཛུ་རིག་ནས་ཀྱང་འདུག།།།

ཁོང་གི་མཛད་རིམ་ནི་

ཟླ་བ་ ༤ ཚེས་ ༣ ཉིན་སུད་སི་བོད་རིགས་མི་མང་གི་གོ་བསྒྲིགས་འོག་གཏམ་བཤད་དང་

ཚེས་ ༤ ནས་ཚེས་ ༦ བར་སུད་སི་བུད་མེད་ཚོགས་པས་གོ་བསྒྲིགས་འོག་འགྲོ་བ་མའི་ཐོབ་ཐང་དང་དམངས་གཙོ་ལྷན་ཚོགས་ཀྱི་ཚོགས་འདུ་གདན་ཞུ་གནང་འདུག།།

ཚེས་ ༨ ཉིན་སུད་སི་བུད་མེད་ཚོགས་པ་དང་ཡོ་རོབ་གཞོན་ནུ་ལྷན་ཚོགས་ཀྱིས་གོ་བསྒྲིག་འོག་གཏམ་བཤད་དང་དྲི་བ་དྲི་ལན་གྱི་མཛད་སྒོ་གྲ་བསྒྲིགས་གནང་འདུག།།

ཚེས་ ༩ ཉིན་ཉིན་ཕྱེད་སུད་སི་གནས་ཚོགས་ཆུང་ཧྥི་ལ་ཝིལ་དང་ས་ཊི་གྷ་ལན་གོ་བསྒྲིགས་འོག་མི་མང་ལ་གཏམ་བཤད་དང་དྲི་བ་དྲི་ལན་གྱི་མཛད་སྒོ་ཛུ་རིག་ཚོགས་ཆུང་ནས་ཕྱགས་རྟགས་འབུལ་རྒྱུ་བཅསད་རེད་འདུག།

ཚེས་ ༩ ཉིན་ཉིན་རྒྱབ་ལིག་ཏེནསིཊཡན་ཚོགས་ཆུང་ནས་གདན་ཞུ་ཐོག་མི་མང་ཐུགས་འཕྲད་བྱེད་རྒྱུ་གྲ་བསྒྲིགས་གནང་འདུག།

ཚེས་ ༡༡ ནས་ཚེས་ ༡༧ བར་ Sweden སུའི་ཌེན་རྒྱལ་ཁབས།
ཚེས་ ༡༨ ནས་ཚེས་ ༢༠ བར་ Noway ནོར་ཝེ་རྒྱལ་ཁབས་སུ།
ཚེས་ ༢༠ ནས་ཚེས་ ༢༢ བར་ Denmark ཌེར་མག་རྒྱལ་ཁབས།
ཚེས་ ༢༣ ནས་ཚེས་ ༢༥ བར་ Spain སི་པཎ་རྒྱལ་ཁབས་སུ།
ཚེས་ ༢༦ ནས་ཚེས་ ༢༩ བར་ Czech Republic ཆེག་རྒྱལ་ཁབས།
ཚེས་༢༩ ཉིན་ལྡི་ལི་ཕེབས་ཀྱི་རེད་འདུག།

ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༢ ཉིན་
ཝ་དཀར་ཚེ་རིང་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།