བོད་དོན་ཞུ་གཏུག་ལས་འགུལ་ཐེངས་སུམ་ཅུ་པ།

ཟླ་༦ ཚེས་ ༥ ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༠ བ་དེ་སྤེལ་ཡོད་འདུག

ཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༢  ཟླ་ ༡༢ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་འབོད་ཀྱིན་པ་དེར་ ཉེ་བའི་ཆར་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་ཐོག་ནང་མི་གསུམ་ཆགས་ཡོད་འདུག་ཅིང་། ནང་མི་གསུམ་གྱི་ལས་འགུལ་འདི་ཉིད་སུད་སི་འཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

ཐེངས་འདིའི་ལས་འགུལ་ནང་ཁྱིམ་ཚང་གསུམ་གྱི་ནང་མི་མ་ཡིན་པའི་གདུང་སེམས་མཉམ་བསྐྱེད་ཆེད་སུད་སིའི་བུད་མེད་གཅིག་མཉམ་ཞུགས་གནང་ཡོད་འདུག་ལ། ཉིན་འདིར་ལས་འགུལ་བ་རྣམས་ཀྱིས་བོད་གནས་འགྲེལ་བརྗོད་ཡིག་ཆ་གྲངས་ལྔ་བརྒྱ་ལྷག་ཕྱི་རྒྱལ་མི་རིགས་རྣམས་ལ་འགྲེམ་སྤེལ་གནང་ཐུབ་ཡོད་པ་མ་ཟད་། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རད་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་འགྲེམ་སྤེལ་གནང་ཡོད་འདུག ཙ་ཡུལ་ཕུན་ཚོགས།

འབྲེལ་གཏུག་ཞུ་ཡུལ།
ཁ་པར། 0041764774162 སྟག་ཚང་དཀོན་ཅོག
ཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སམས་རགས།