བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས༥༦པ།

ཕྱི་ལོ་༢༠༡༦ཟླ་༨ ཚེས་༡༠ ཉིན་ཁྱིམ་ཚང་དྲུག་གི་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༥༦པ་དེ་སུད་སི་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་མི་གྲངས་བཅུ་གཅིག་མཉམ་ཞུགས་ཀྱིས་སྤེལ་ཡོད་འདུག

ཉིན་འདིར་ཡང་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་ཁྱིམ་ཚང་དྲུག་དང་།  དེར་མཉམ་ཞུགས་གནང་མཁན་ཡུ་རོབ་ཧོ་ལན་དུ་གནས་བཞུགས་བློ་བཟང་བསྟན་འཛིན་ནང་མིའི་མི་བཞི་དང་། གཞན་སུད་སི་གྷི་ལ་རོའོ་སིར་གནས་བཞུགས་མདུན་ཆུང་ཚེ་རིང་རྒྱལ་བོ་ལགས་བཅས་ཀྱིས་གཙོས་ལས་འགུལ་བ་མི་གྲངས་བཅུ་གཅིག་གིས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ།ལྷག་པར་དུ་བོད་ཕྱི་ནང་གི་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དམིགས་བསལ་༢༠༠༨ནས་ད་ལྟའི་བར་གྱི་རྒྱ་གཞུང་གི་བཙོན་ནས་རྐྱེན་འདས་སུ་སོང་བའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་འཁོད་པའི་ཡིག་ཆ (Death due to torture in prison since 2008) དང་། ༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ཆོག་དགུང་གྲངས་དྲུག་ནས་རྒྱ་གཞུང་གིས་བཙོན་འཇུགས་བྱས་ཏེ་ད་ལྟའང་གནས་སྟངས་ཁ་གསལ་མེད་པའི་སྐོར་ཀྱི་ཡིག་ཆ། དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་། ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་།ཕྱི་ལོ་༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོདང་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ།༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ། གསར་འགོད་གསལ་བསྒྲགས་སོགས་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སིའི་སྐད་༼FRENCH༽བཅས་ཀྱི་ནང་ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་སོགས་ལ་འགྲེམ་སྤེལ་བྱས་ཡོད་འདུག་ཅིང་། ནམ་རྒྱུན་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སླར་ཡང་དོན་ཚན་དགུ་ཅན་གྱི་དགོས་འདུན་སྙན་ཞུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཕྱི་ལོ༢༠༡༦ལོའི་ཟླ༡པོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སོགས་ཕུལ་ཡོད་འདུག

ཁྱིམ་ཚང་དྲུག་གི་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ལ་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་འགུལ་ཀྱང་ཟེར་ལ། ལས་འགུལ་འདི་སུད་སིར་གནས་བཞུགས་ཁྱིམ་ཚང་ཁག་ཅིག་གིས་སྒེར་གྱི་འགྲོ་གྲོན་དང་དུས་ཚོད། དཀའ་ངལ་སོགས་ཁྱད་དུ་བསད་དེ་འབད་བརྩོན་ལྷོད་མེད་ངང་ ཕྱི་ལོ་༢༠༡༢ ནས་འགོ་བཙུགས་ཏེ་ད་ལྟའི་བར་ལོ་བཞི་ཙམ་འགྲོ་གི་ཡོད་ཅིང་། ད་ལྟའང་མུ་མཐུད་ཟླ་རེར་ཐེངས་རེའི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་གྱིན་ཡོད་འདུག ཐེངས་རྗེས་མའི་ལས་འགུལ་ཕྱི་ཟླ་༩ ཚེས་༡༤ ཉིན་སྤེལ་རྒྱུ་ཡིན་འདུགགསར་འགོད་པ། ཙ་ཡུས་ཕུན་ཚོགས། 

 ༡ ལས་འགུལ་བའི་ཞལ་པར་ཨང་།
༡ ངག་དབང་ཚང་ངག་དབང་དཔལ་ལྡན།    ༠༧༦་༥༣༤་༨༠་༩༡༢    
༢ བཀྲ་བསྟན་ཚང་པ་སངས།       ༠༧༦༦༢༠༡༠༥༡
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ།         ༠༧༦༤༥༤༥༤༠༩
༤་སྟག་ཚང་དཀོན་ཅོག              ༠༧༦༤༧༧༤༡༦༢              
༥ ཡེ་ཤེས་ལྷ་མོ།                      ༠༠༦༡་༤༡༠༢༢༣༥༥༨
༦ མི་ལིང་བཀྲིས་ཟླ་བ།              ༠༧༦༥༨༨༢༨༥༩

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སམས་རགས།