བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས༤༩་སྤེལ།

ཕྱི་ལོ་༢༠༡༦ཟླ་༠༡ཚེས་༡༣ཉིན་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་སླར་ཡང་སུད་སི་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ཞེ་དགུ་བ་སྤེལ་ཡོད་འདུག་ཅིང་། ལས་འགུལ་ཐེངས་རྗེས་མ་ནི་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ལྔ་བཅུ་བར་ཁེལ་གྱིན་ཡོད་སྟབས། ལས་འགུལ་བ་རྣམས་ཀྱིས་ཐེངས་རྗེས་མའི་ལས་འགུལ་དམིགས་བསལ་བ་ཞིག་ཡོང་ཐབས་ལ་འབད་བརྩོན་དང་། ཐེངས་ལྔ་བཅུ་བའི་ལས་འགུལ་ནང་མི་མང་གཞན་དག་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཀྱང་ཞུ་བཞིན་ཡོད་འདུག གོང་ཚེས་ཉིན་ལས་འགུལ་བ་རྣམས་ཀྱིས་ཡུ་རོབ་སྤྱི་དང་ལྷག་དོན་སུད་སི་ནང་གི་གནམ་གཤིས་གྲང་ངར་ཆེ་བའི་དཀའ་ངལ་ལ་མ་འཛེམ་པར། ནམ་རྒྱུན་ལྟར་ལས་ཀ་དང་དུས་ཚོད། འགྲོ་གྲོན་དང་དཀའ་སྡུག་སོགས་ཁྱད་དུ་བསད་ནས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་བོད་ཕྱི་ནང་གི་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་། ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་། ཕྱི་ལོ་༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ། གསར་འགོད་གསལ་བསྒྲགས་སོགས་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན སིའི་སྐད༼FRENCH༽བཅས་ཀྱི་ནང་ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་སོགས་ལ་འགྲེམ་སྤེལ་གནངཡོད་འདུག 

ལས་འགུལ་སྤེལ་ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སླར་ཡང་དོན་ཚན་དགུ་ཅན་གྱི་དགོས་འདུན་སྙན་ཞུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཕྱི་ལོ༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཉིས་འབུལ་གྱིན་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་པར་པ་འགྲོན་ཐར་བཀྲིས་རྣམ་རྒྱལ་ལགས་ཀྱིས་ཀྱང་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་སླད། བོད་དོན་ཁྱབ་བསྒྲགས་གསར་འགོད་ལས་དོན་དྭང་བླངས་གནང་ཡོད་པ་བཅས་ལས་འགུལ་བ་མི་གྲངས་བརྒྱད་ཙམ་གྱིས་ལས་འགུལ་སྤེལ་ཡོད་འདུག བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ནི་༢༠༡༢་ཟླ་༡༢་ཚེས་༡༠་ཉིན་ནས་ཁྱིམ་ཚང་གཉིས་ཀྱིས་འགོ་འཛུགས་བྱས་ཤིང་། ཁྱིམ་ཚང་གཉིས་ཀྱིས་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལ། རིམ་བཞིན་བཀྲ་བསྟན་ཚང་པ་སངས་ལགས་དང་།ངག་དབང་ཚང་ངག་དབང་དཔལ་ལྡན།རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་བཅས་མཉམ་ཞུགས་ཀྱིས་ཁྱིམ་ཚང་ལྔ་ཡི་ལས་འགུལ་དུ་ཆགས་ཤིང་། གཞན་ཕྱི་ལོ་༢༠༡༦་ཟླ་༡་ཚེས་༡༣ཉིན་ནས་སུད་སིར་གནས་བཞུགས་མི་ལིང་བཀྲིས་ཟླ་བ་ལགས་མཉམ་ཞུགས་ཀྱིས་ད་ལྟ་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཡོད་འདུག  
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

ལས་འགུལ་བའི་ཁྱིམ་མིང་དང་མིང་།          ཞལ་པར་ཨང་།
༡ ངག་དབང་ཚང་ངག་དབང་དཔལ་ལྡན།     ༠༧༦༣༣༠༣༩༧༣
༢ བཀྲ་བསྟན་ཚང་པ་སངས།       ༠༧༦༦༢༠༡༠༥༡  
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ།    ༠༧༦༨༠༤༨༨༧༡
༤ སྟག་ཚང་དཀོན་ཅོག     ༠༧༦༤༧༧༤༡༦༢
༥ ཡེ་ཤེས་ལྷ་མོ།       ༠༤༡༠༢༢༣༥༥༨
༦ མི་ལིང་བཀྲིས་ཟླ་བ།     ༠༧༦༥༨༨༢༨༥༩

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སམས་རགས།