བོད་དོན་ཞི་བའི་གོམ་བགྲོད་དང་འབྲེལ་བའི་ས་གནས་སྦེན་མི་མང་གིས་ལས་འགུལ་དང་ཕེབས་བསུ་ཞུས་པ།

སུད་སི་དང་། ལིཀ་ཏེནསིཊཡན་བོད་རིགས་མི་མང་། ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་བཞིན་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་ཕྱི་ཚེས ༢༠༡༣ / ༡༠/༤  ཉིན་དབུ་འཛུགས་གནང་སྟེ་ཕྱི་ཚེས་ ༡༣ ཉིན་འདི་ག་སུད་སིའི་རྒྱལ་ས་སྦེན་ ༼Bern༽ དུ་ཞོགས་པའི་ཆུ་ཚོད་ ༡༠ ཐོག་འབྱོར་ཡོད་པ་དང་། སུད་སི་གྲོས་ཚོགས་ཚོགས་ཁང་མདུན་ཐང་ནས་ཞི་བའི་གོམ་བགྲོད་པ་རྣམས་ཀྱིས་བོད་རྒྱལ་ཁ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་རེད། འདི་ག་ས་གནས་འཐུས་མིས་གོ་སྒྲིག་འོག་ད་ཐེང་གི་ཞི་བའི་གོམ་བགྲོད་འདིའི་ངོ་བོ་དང་དམིགས་ཡུལ་སྟེ། བོད་ནང་གི་བོད་རྒྱ་ཆེའི་མི་མང་རྣམས་སྤྱི་མང་གི་འགྲོ་བ་མིའི་ཐོབ་ཐང་གང་ཡང་རོལ་རྒྱུ་མེད་པར་རྒྱའི་མནར་སྤྱོད་འོག་སྡུག་བསྔལ་མྱོང་བཞིན་པ་དང་། ད་བར་དུ་བོད་མི་ ༡༢༡ ཙམ་གྱིས་གཅེས་པའི་ལུས་སྲོག་མེ་མཆོད་ཕུལ་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་གཞུང་མང་ལ་ངོ་སྤྲོད་ཀྱིས་རྒྱབ་སྐྱོར་ཡོང་ཐབས་ཐོག། འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་སྐོར་ལ་ཞིབ་གཤེར་དང་། ཕྱི་ཚེས ༢༢ ཉིན་རྒྱལ་ཚོགས་ནང་གྲོས་ཆོད་འཇོག་གི་ཡོད་སྟབས་མཉམ་འབྲེལ་རྒྱལ་ཚོགས་དང་། སུད་སིའི་གཞུང་མང་གིས་བོད་སྐྱོབས་རོགས་ཅེས་ཞུ་སྙན་ཡི་གེ་ཕྱི་ཚེ་༡༡ཉིན་བརྒྱ་དུས་གཅིག་ཏུ་སྦན་གྱི་གྲོང་ཁྱེར་ཆེ་ཁག་ Biel, Bienne, Thun, Inter laken བཅས་ས་གནས་སོ་སོར་ཡོད་པའི་བོད་རིགས་རྣམས་ནས་ཡིག་ཆ་སྟོང་ཕྲག་མང་པོ་འགྲེམས་སྤེལ་དང་། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ ནས་ཡིག་ཆ་འགྲེམས་སྤེལ་དང་། ཆུ་ཚོད་ ༡༢ ཐོག་གྲོས་ཚོགས་མདུན་ཐང་དུ་ས་གནས་འཐུས་མི་གཙོས་མི་མང་ནས་གོམ་བགྲོད་པ་རྣམས་ལ་ཕེབས་བསུ་དང་མཇལ་དར་བསྒྲོན་འབུལ། སྐོམ་ཆུ་ཕུལ་བ་དང་། ཉིན་དེར་ཞལ་ལག་དང་གསོལ་ཇ། ཕྱི་ཚེས་༡༤ ཉིན་གྱི་ཞོགས་ཟས་སོགས་ཕུལ་ཡོད་དང་། འདི་གར་གནས་བསྡོད་པ་བསྟན་འཛིན་རྡོ་རྗེ་ལགས་ནས་སྐོམ་ཆུ་རིགས་མང་པོའི་སྦྱིན་བདག་གནང་བ་བཅས་ཀྱི་གསར་གནས་སུ་འདི་གར་ས་གནས་འཐུས་མི་འཕེལ་སྣེ་ཚང་བློ་བཟང་རབ་རྒྱས་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སྡོམས་རོགས།