བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་ལྔ་པ།

ཕྱི་ཚེས་ ༡༨ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅོ་ལྔ་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Lausanne ནས་གྲོང་ཁྱེར Rolle བར་སྤྱི་ལེ་༢༩ ལ་གོམ་བགྲོད་གནང་ཡོད། གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས ༤༦ དང་བུད་མེད་ ༡༨ བཅས་ཁྱོན་གྲངས་ ༦༤ ཡོད་ཅིང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམས་སྤེལ་གནང་ཐུབ་པ་བྱུང་། 

དེ་རིང་ནམ་མཁའ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ངོས་ནས་གོམ་བགྲོད་པ་རྣམས་ལ་ཞོགས་ཇ་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་དགོང་མོའི་ཞལ་ལག་བཅས་བཏང་གནང་སོང་བར་གོམ་བགྲོད་ཚོགས་ཆུང་གིས་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་། 

སུད་སི་ས་གནས་སོ་ལོའོ་ཐོརན་ནང་གནས་བཞུགས་བསྟན་པ་ལགས་སུ་ཐེངས་འདིའི་གོམ་བགྲོད་ནང་ཞུགས་དགོས་དོན་དང་། ལམ་བར་ནས་དཀའ་ལས་ཅི་བྱུང་སོགས་ཀྱི་ཐད་བཅར་འདྲི་ཞུས་པར། ཁོང་གིས། བོད་ནང་ན་ང་ཚོའི་ཕ་མ་སྤུན་མཆེད་ཚོས་སྡུག་པོ་མྱོང་གི་ཡོད་པ་རེད། ང་ཚོ་འདིར་ཁོ་ཚོས་སྡུག་པོ་མྱོང་བཞིན་པ་རྣམས་ལ་ལྟད་མོ་བལྟས་ནས་འདུག་ཐབས་མེད་སྟབས་གོམ་བགྲོད་ནང་མཉམ་་ཞུགས་ཞུས་པ་ཡིན། ཞེས་དང་། ལམ་བར་ནས་མི་མང་པོས་དཀའ་ལས་ཁག་གི་འདུག ཡིན་ཡང་སེམས་ཤུགས་གཅིག་པུས་དཀའ་ལས་བརྒྱབས་ནས་འགྲོ་བཞིན་འདུག ངོ་མ་ཡག་པོ་རེད། ཡིན་ཡང་སེམས་པ་སྐྱོ་བ་ཞིག་ལ། སུད་སི་ནང་མི་ལྔ་སྟོང་ལྷག་ཡོད་མོད། ད་རེའི་གོམ་བགྲོད་གནང་མཁན་མི་དྲུག་བཅུ་ཙམ་ལས་མེད་པ་འདི་སེམས་པ་སྐྱོ་བོ་ཞིག་རེད། ཅེས་གསུངས་སོང་།  ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སམས་རགས།