བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གསུམ་པ།

ཕྱི་ཚེས་ ༡༦ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གསུམ་པ་ཡིན། ཉིན་འདིར་སུད་སི་ས་གནས་ Romont  ནས་ Oron-la vill བར་སྤྱི་ལེ་  ༡༧  ལྷག་ཙམ་གོམ་བགྲོད་གནང་ཡོད། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས ༢༨ དང་བུད་མེད་ ༡༦ བཅས་ཁྱོན་མི་གྲངས་ ༤༤ ཡོད་ཅིང་། ལས་བྱེད་བཅུ་སྐོར་བཅས་མཉམ་ཞུགས་གནང་འདུག ཉིན་འདིར་གནམ་གཤིས་ཡག་པོ་བསྟན་ཡོད་པ་མ་ཟད་གོམ་བགྲོད་ཀི་ལོ་མི་ཊར་ཉུང་ཤོས་ཤིག་རེད་འདུག  ཉིན་གང་གསོལ་ཚིགས་གང་གཞོན་ཚང་བསྟན་འཛིན་ཀུན་བཟང་ལགས་དང་གང་གཞོན་ཚང་བསྟན་འཛིན་བྱང་ཆུབ་ལགས་སྤུན་མཆེད་གཉིས་ནས་ཞལ་འདེབས་གནང་འདུག་པ་དང་།  དེ་བཞིན་ལྷ་ས་བུའི་མཐུན་ཚོགས་ཀྱི་ཚོགས་གཙོ་རབ་སྒང་ཚེ་རིང་ཕུན་ཚོགས་ཞལ་དཔར་གནང་འདུག་པ་བཅས་ལ་གོ་སྒྲིག་ཚོགས་ཆུང་དང་གོམ་བགྲོད་པ་ཡོངས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་འདུག  ཡིག་ཆ་འགྲེམས་སྤེལ་ཡང་ཆིག་སྟོང་བརྒལ་བ་གནང་འདུག གོམ་བགྲོད་པ་རྣམ་པས་ཐོག་མའི་དམ་བཅའ་བརྟན་པོ་དང་བཅས་དཀའ་ངལ་ལ་གདོང་ལེན་གནང་བཞིན་པ་བཅས་དང།  ཁོ་ཚོའི་སེམས་ཤུགས་གི་རྨང་གཞི་གཙོ་བོ་ནི་བོད་མདོ་དབུས་ཁམས་གསུམ་རྒྱ་ཆེའི་མང་ཚོགས་དང་ལྷག་པར་རྒྱལ་གཅེས་སྙིང་སྟོབས་བརྟུལ་ཕོད་ཅན་གྱི་དཔའ་བོ་དཔའ་བོ་བརྒྱ་དང་ཉི་ཤུ་བརྒལ་བའི་རང་སྲོག་བློས་བཏང་གནང་བ་བཅས་ལས་བྱུང་བ་ཞིག་ཡིན།  སང་ཉིན་ Lausanne ཞེས་པའི་གྲོང་ཁྱེར་ཆེ་ཙམ་ཞིག་ཏུ་འབྱོར་རྒྱུ་ཡིན།

ཉིན་འདིར་ཡང་གོམ་བགྲོད་པ་རྣམས་སྐུ་ངལ་འཛེམས་མེད་དཀའ་སྡུག་ལ་གདོང་ལེན་གནང་བཞིན་ཡོད་པ་དང།  རྐང་པར་རྨ་ཁ་བཟོས་པ་སོགས་བྱུང་དང་འབྱུང་བཞིན་ལས་ད་ལྟའི་བར་ཁ་ཆག་སྣ་རལ་རིགས་གང་ཡང་མེད་པ་བཅས་ནི་དགའ་སྒོམ་བྱ་འོས་པ་ཡིན།  གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་ནང་མཉམ་ཞུགས་བྱ་མི་ཡང་གློ་བུར་ཡང་ཡང་སླེབས་པ་དེས།  གོ་སྒྲིག་པ་རྣམས་ལ་ཟས་འདུག་གང་ཅིར་དམིགས་བསལ་དཀའ་ངལ་ཆེ་ཙམ་ཡོད་ནའང་ཐབས་བརྒྱ་བྱུས་སྟོང་གིས་གང་ཐུབ་རང་ནུས་གང་ཡོད་ཞུ་བཞིན་ཡོད་པ་བཅས་ཚོགས་གཞོན་བསམ་པ་ལགས་ནས་ཞལ་དཔར་ཐོག་འགྲེལ་བརྗོད་གནང་བྱུང།  སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སམས་རགས།