བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གཉིས་པ།

ཕྱི་ཚེས་ ༡༥ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གཉིས་པ་ཡིན། ཉིན་འདིར་སུད་སི་གྲོང་ཁྱེར Fribourg  ནས་ Romont  བར་སྤྱི་ལེ་  ༢༣  ལྷག་ཙམ་གོམ་བགྲོད་གནང་ཡོད། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས ༣༥ དང་བུད་མེད་ ༡༥ བཅས་ཁྱོན་མི་གྲངས་ ༥༠ ཡོད་ཅིང་། ལས་བྱེད་བརྒྱད་སྐོར་བཅས་མཉམ་ཞུགས་གནང་འདུག ཡིག་ཆ་གྲངས་ཆིག་སྟོང་མ་ཟིན་ཙམ་འགྲེམས་སྤེལ་གནང་ཐུབ་ཡོད་གནས།

དེ་རིང་ས་གནས་ Soluthurn ཚོགས་ཆུང་གི་ཚོགས་མི་བསམ་གཏན་ཚེ་རིང་ལགས་ཞུ་བ་ནས་གོམ་བགྲོད་པ་རྣམས་ལ་ཉིན་གང་གསོལ་ཚིགས་མཐུན་འགྱུར་གནང་བར་གོ་སྒྲིག་ཚོགས་ཆུང་དང་གོམ་བགྲོད་པ་རྣམས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་ར་པརསི་ཝིལ།  ཡོ་ན་བོད་ཡིག་སློབ་གྲྭ་ནས་འཐུས་མི་སྒོ་སྤེ་ཡོན་རྒྱ་བརྒྱུད་ཞལ་པར་གནང་དོན་སུད་སྒོར་ ༥༠༠ ཐམ་པ་ཞལ་འདེབས་གནང་རྒྱུ་ཡིན་འདུག་པར་གོམ་བགྲོད་པ་དང་གོ་སྒྲིག་ཚོགས་མི་ཡོངས་ནས་བོད་ཡིག་སློབ་གྲྭའི་དགེ་ལས་ཕ་མ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། ཉིན་འདིར་ཡང་གོམ་བགྲོད་པ་རྣམས་སྐུ་ངལ་འཛེམས་མེད་དཀའ་སྡུག་ལ་གདོང་ལེན་གནང་བཞིན་ཡོད་པ་དང།  རྩ་བའི་དཀའ་ངལ་ཆེ་ཤོས་ནི་གནམ་གཤིས་གྲང་ངར་ཆེ་ཙམ་དང།  རྐང་པར་རྨ་ཁ་བཟོས་པ་སོགས་ཡིན།  གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་ནང་མཉམ་ཞུགས་བྱ་མི་ཡང་གློ་བུར་ཡང་ཡང་སླེབས་པ་དེས།  གོ་སྒྲིག་པ་རྣམས་ལ་ཟས་འདུག་གང་ཅིར་དམིགས་བསལ་དཀའ་ངལ་ཆེ་ཙམ་ཡོད་ནའང་ཐབས་བརྒྱ་བྱུས་སྟོང་གིས་གང་ཐུབ་ཞུ་བཞིན་པ་བཅས་ཚོགས་གཞོན་བསམ་པ་ལགས་ནས་ཞལ་དཔར་ཐོག་གསལ་བཤད་གནང་བྱུང།  སྒོ་སྤེ་ཡོན་ཏན་གྱིས།

http://peacemarch.tibetswiss.ch/

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སམས་རགས།