བོད་དོན་ཞི་བའི་གོམ་བགྲོད་ཀྱི་ཉིན་གཉིས་པ།

༈  སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་གོ་སྒྲིག་གིས།  ༢༠༡༣ ཕྱི་ཟླ་  ༡༠  ཚེས་  ༤  ནས་ཚེས་  ༢༢  བར་སུད་སི་ས་གནས་སནཌི་གྷ་ལན་མངའ་སྡེ་ནས་འཇིན་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཉིན་གྲངས་ ༡༨  རིང་ཀི་ལོ་མི་ཊར་ ༣༨༨ ལྷག་ཙམ་རིང་བོད་དོན་དྲིལ་བསྒྲགས་དང་བཅས་ཞི་བའི་གོམ་བགྲོད་གནང་བཞིན་ཉིན་གཉིས་པ།

ཞོགས་པ་ཚོུད་  ༨  པ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།  ངག་བཅད་མྱ་ངན་སྐར་མ་གཅིག་བྱས་རྗེས་གོམ་བགྲོད་བྱེད་འགོ་བཙུགས།  ཉིན་གུང་མུན་ཁུ་ཝིལན་ས་ཁུལ་དུ་འབྱོར་བ་དང་།  ས་གནས་དེར་བོད་མི་ཐོག་མར་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ལས་རིམ་བཟོས་འདུག  དེ་ཡང་ས་གནས་འཐུས་མི་སེ་ཝོ་བསོད་ནམས་ལགས་ནས།  ཁུལ་འདིར་ང་ཚོ་བོད་མི་འབྱོར་ནས་ལོ་ངོ་ལྔ་བཅུ་ཐམ་པ་འཁོར་ཡོད། ད་ལྟའི་བོད་ཀྱི་གནས་བབ་དང་བཅས་དུས་སྟོན་གཏོང་རྒྱུ་སོགས་འོས་པ་མེད་སྟབས་ད་རེའི་གོ་སྐབས་འདི་ཟིན་པ་ཡིན།  རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཕྲག་བརྒལ་བའི་རང་ལུས་མེར་བསྲེག་གི་བོད་དོན་འཐབ་རྩོད་གནང་བ་སོགས་ཀྱི་ལྷག་བསམ་རྙིང་སྟོབས་བཅས་ལ་གདུང་སེམས་མཉམ་སྐྱེད་སོགས་གོམ་བགྲོད་གནང་བའི་ལས་འགུལ་ཐོག་དྲིལ་བསྒྲགས་ནུས་པ་ཆེ་བ་ཡོང་ཐབས་བཅས་ཡིན།  བློ་ཕམ་གྱི་གནས་ཚུལ་ནི་གསར་འགྱུར་བརྒྱུད་ལམ་ཐམས་ཅད་དཔལ་འབྱོར་ཚོང་འབྲེལ་ཤུགས་གནོན་འོག་འགྲོ་བཞིན་འདུག  གསར་འགྱུར་ནང་གོམ་བགྲོད་སོགས་ཆབ་སྲིད་ཡིན་པར་དོགས་ནས་བཀོད་ཀྱི་མིན་འདུག་ལ་རེ་འདུན་བྱས་པ་བཞིན་གསར་འགོད་པ་དང་བརྙན་འཕྲིན་དཔར་ལེན་པ་སླེབས་མིན་འདུག་ཅེས་གསུངས།  མངའ་སྡེའི་སྐུ་ཚབ་དང་རྫོང་སྡེ་ལས་ཁུངས་བཅས་ནས་གདན་ཞུས་ལྟར་ཆེད་ཕེབས་ཀྱི་བཀའ་སློབ་གནང་སོང།  བོད་རིགས་མི་མང་ཚོགས་གཙོ་མཆོག་ནས་ཀྱང་གསུང་བཤད་གནང་།  ཁུལ་དེའི་ཚོགས་ཆུང་མི་མང་ནས་སྣེ་ལེན་གསོལ་སྟོན་གཟབ་རྒྱས་དང་གོམ་བགྲོད་པ་རྣམས་ལ་མཇལ་དར་ཆབ་མངར་སོགས་གནང་ནས་བསུ་སྐྱེལ་གནང་ནས་ཕེབས་ཐོན་གནང་སོང་བ་དང་།  ཨ་རི་བོད་སྐད་རླུང་འཕྲིན་ཁང་ནས་གོམ་བགྲོད་སྐོར་ལ་བཅར་འདྲི་མང་དག་གནང་སོང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན་གྱིས།

peacemarch.tibetswiss.ch

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སམས་རགས།