བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་ཞུ་བ།

ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༨ རེས་གཟའ་སྤེན་པ་ཉིན་ས་གནས་ཝེ་ལྡན་སུ་ཝིལ་བོད་རིགས་མི་མང་གིས་བོད་དོན་དང་འབྲེལ་བའི་ད་ལྟ་བོད་ཀྱི་གནས་བབས་ཀྱི་ཡིག་ཆ་ ༦༠༠༠ ཙམ་འགྲེམས་སྤེལ་རྒྱ་ཆེ་གནང་། འགྲེམ་ཡིག་འགྲེམས་སྤེལ་ཞུ་རྒྱུའི་ལས་འགུལ་འདི་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིགས་འཛུགས་ཀྱིས་གོ་སྒྲིག་འཆར་བཀོད་འོག བོད་རིགས་ས་གནས་རིས་སུ་མ་ཆད་པར་ལས་འགུལ་འདི་མཚུངས་སྤེལ་མུས་བཞིན་ཡིན།   འདི་ག་ས་གནས་ཀྱི་ལས་འགུལ་དེའི་ནང་བོད་ཕྲུག་བྱིས་པ་ཚོས་ཀྱང་ཆ་ཤས་བླངས་སྟེ་ས་གནས་སུ་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། དེ་ཡང་ས་གནས་ཝེ་ལྡན་སུ་ཝིལ་གཙོས་ཉེ་འགྲམ་གྱི་ས་གནས་ཆུང་ཁག་བཞི་ཙམ་གྱི་ནང་ལས་འགུལ་སྤེལ་རྒྱུ་བྱུང་བ་ནི་ཚར་དང་པོ་ཞིག་ཡིན།  དེ་འབྲེལ་ས་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་༼བོད་དོན་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་གལ་འགངས་ཆེ། ད་ལྟ་བོད་ནང་གི་གནས་བབས་ལ་གཟིགས་རྟོགས་དང་དོ་སྣང་ཕྲན་ཚེགས་རེ་གནང་སྟེ་མི་མང་རྣམས་རང་དོན་སྒེར་གཅེས་དང་ལྷན་དུ་རང་གི་ངོ་བོ་དང་རང་གི་རིགས་གཞུང་། རང་ཉིད་ཀྱི་ཕ་མ་སྐྱེས་སའི་རང་གི་ཕ་ཡུལ་དོན་དུའང་ཆུ་ཚོད་རེ་ཟུང་བློས་བཏང་མཛད་པར་མཛད་བྱེད་དུ་མ་དགོངས་པར་སེམས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་བྱུང་ན་ལྷ་རབས་རེད་༽ཅེས་གསུངས། མཐར་ལས་འགུལ་མཉམ་ཞུགས་བླངས་མཁན་རྣམས་ལ་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་ས་གནས་གཞན་དག་ཚོས་ལས་འགུལ་འདི་ལྟ་བུ་ལ་རྣམ་གཡེང་དུ་མི་འགྲོ་བར་འབོད་སྐུལ་ཡང་གནང་།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སམས་རགས།