བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་དྲུག་པ།

༢༠༡༩ ལོའི་ཟླ་༦ ཚེས་༢༩ ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་བོད་སློབ་ཁག་ནང་བོད་སྐད་ཡིག་འགྲན་བསྡུར་ཐེངས་དྲུག་པ་དེ་གནང་ཡོད་པ་དང་། འགྲན་བསྡུར་ནང་སུད་སི་ས་གནས་གཟའ་མཇུག་བོད་སློབ་ཁག་ཉི་ཤུ་ལྷག་གི་སློབ་ཕྲུག་གྲངས་སུམ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག

སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་བོད་སློབ་འཛིན་ཚོགས་ཀྱི་ངོས་ནས། ལོ་ལྟར་སུད་སི་ནང་གི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་བོད་སྐད་ཡིག་ཡར་རྒྱས་གཏོང་ཆེད། ས་གནས་མངའ་སྡེའི་བོད་སློབ་ཁག་བསྒོས་ཀྱིས་ལོ་རེར་ཐེངས་རེར་བོད་སློབ་ནང་ཁུལ་ལ་བོད་ཡིག་འགྲན་བསྡུར་གྱི་མཛད་རིམ་གོ་སྒྲིག་ཞུ་བཞིན་པ་ལྟར། ད་ལོར་སུད་སི་ས་གནས་སྦ་སལ་དང་། ཨར་རྒོའོ། ལུ་རྫན། སོ་ལོ་ཐོན། སྦརན། ལོའོ་ཟན་བཅས་གྱི་བོད་སློབ་ཁག་གི་འགན་འཛིན་དང་དགེ་ལས་རྣམས་ཀྱི་གོ་སྒྲིག་འོག བོད་སྐད་ཡིག་འགྲན་བསྡུར་ཐེངས་དྲུག་པ་དེ་སུད་སི་མངའ་སྡེ་སྦ་སལ་གྱི་ས་གནས་Pratteln ནང་འཚོགས་ཡོད་འདུག

ཐེངས་འདིའི་མཛད་རིམ་གོ་སྒྲིག་པ་གཙོ་བོ་ས་གནས་སྦ་སལ་གྱི་བོད་སློབ་འཛིན་དགེ་བ་བཟང་པོ་ལགས་སུ་ཐེངས་འདིའི་བོད་ཀྱི་སྐད་ཡིག་འགྲན་བསྡུར་འདི་སྔོན་མ་དག་དང་མ་འདྲ་བ་ག་རེ་ཡོད་མེད་སྐོར་བཅར་འདྲི་ཞུ་སྐབས། ད་རེས་བོད་ཀྱི་སྐད་ཡིག་འགྲན་བསྡུར་འདིའི་ནང་སྔོན་མ་དག་དང་མ་འདྲ་ས་གཙོ་བོ་ནི། མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚང་མ་ལ་བོད་ཀྱི་སྐད་ཡིག་དང་པ་དགའ་སྤོབས་ཡོང་ཆེད། ཚང་མ་མཉམ་ཞུགས་འདྲ་མཉམ་ཡོང་བ་དང་། འགྲན་བསྡུར་གྱི་གོ་རིམ་ཁྲོད་སུ་རྒྱལ་སུ་ཕམ་ལྟ་རྒྱུ་གཙོ་བོ་མ་ཡིན་པ་མ་ཟད། སྡིང་ཆའི་སྟེང་དྲི་བ་དྲིས་ལན་གནང་སྐབས་སློབ་ཕྲུག་ཚོར་ཁ་ཐུག་གིས་ནོར་འདུག་ལབ་སྟེ་ངོ་ཚ་བོ་མི་བཟོ་བ། སྐར་གྲངས་སོགས་ཟུར་དཔུང་པ་རྣམས་ཀྱིས་བརྒྱབ་སྟེ་སྤྱི་བསྡོམས་གྱི་ཐོབ་སྐར་འབུལ་ཐབས་གནང་ཡོད་པ། སྐར་གྲངས་སོགས་རྒྱག་སྟངས་ཀྱི་ཐོག་ནས་ཀྱང་སློབ་ཕྲུག་སོ་སོར་ཨང་དང་པོ་སུ་དང་། གཉིས་པ་སུ་རེད་འདུག་བལྟ་ཡ་གཙོ་བོ་མ་ཡིན་པར། སློབ་ཕྲུག་ཚང་མའི་ནུས་པ་མི་འདྲ་བ་དང་། རྣམ་དཔྱོད་མི་འདྲ་བ་ཡོད་ཙང་། དེ་ཚང་མ་སྡིང་ཆ་སྒང་ནས་སྟོན་ཐུབ་ཐབས། གཙོ་བོ་སློབ་ཕྲུག་དང་ཕ་མ་གཉིས་ལའང་ཐེངས་འདིའི་སྐད་ཡིག་འགྲན་བསྡུར་བརྒྱུད་བོད་ཡིག་ལ་དོ་སྣང་དང་། དམིགས་བསལ་བོད་སྐད་ཡིག་ལ་དབྱིངས་སླེབས་ཐབས་བྱ་རྒྱུ་དེ་གཙོ་བོ་བྱས་ཡོད། ཅེས་དང་། ཐེངས་འདིའི་འགྲན་བསྡུར་ནང་སློབ་ཕྲུག་སུམ་བརྒྱ་གཉིས་ཙམ་མཉམ་ཞུགས་གནང་ཡོད། ཅེས་སོགས་གསུང་སོང་།

དང་པོ་དྲི་རྩད།

སྔོན་འགྲོ་དང་པོ་དང་གཉིས་པའི་དྲི་རྩད།

ཨང་དང་པོ་ས་གནས་ཐུན་བོད་སློབ་དང་། གཉིས་པ་ལོ་ཟན། གསུམ་པ་ཨར་གྷོའི་དང་ཛུ་རིག་གཉིས།

དངོས་གཞིའི་འཛིན་གྲྭ་དང་པོ་གཉིས་པའི་དྲི་རྩད།

ཨང་དང་པོ་སོ་ལོ་ཐོན། གཉིས་པ་ཛུ་རིག གསུམ་པ་ལན་ཀོཊ།

དངོས་གཞིའི་འཛིན་གྲྭ་གསུམ་པ་དང་བཞི་བའི་དྲི་རྩད།

ཨང་དང་པོ་སོ་ལོ་ཐོན། གཉིས་པ་ཐུན། གསུམ་པ་ལན་ཀོཊ།

གཉིས་པ་ཡིག་གཟུགས།

སྔོན་འགྲོ་དང་པོ་དང་གཉིས་པའི་ཡིག་གཟུགས། དབུ་ཅན།

ཨང་དང་པོས་གནས་ཛུ་རིག་བོད་སློབ་གྱི་སློབ་ཕྲུག་བསྟན་འཛིན་ཡེ་ཤེས། གཉིས་པ་སོ་ལོ་ཐོན་གྱི་སློབ་ཕྲུག་དབྱངས་ཅན་ལྷ་མོ། གསུམ་པ་ས་གནས་སྦན་གྱི་ཚེ་རིང་དཔལ་མོ་བཅས་ཡིན་འདུག

སྔོན་འགྲོ་དང་པོ་དང་གཉིས་པའི་ཡིག་གཟུགས། དབུ་མེད།

ཨང་དང་པོ་ས་གནས་ཧོར་རྒན་གྱི་སློབ་ཕྲུག་བཀའ་རམ་ངག་དབང་། ཨང་གཉིས་པ་ས་གནས་ར་པར་སི་ཝེལ་གྱི་སློབ་ཕྲུག་བཀྲ་བཟང་། གསུམ་པ་ར་པར་སི་ཝེལ་གྱི་སློབ་ཕྲུག་རེ་ཏིང་ནོར་བུ་བཅས་ཡིན་འདུག དངོས་གཞིའི་འཛིན་གྲྭ་དང་པོ་དང་གཉིས་པའི་ཡིག་གཟུགས། དབུ་ཅན།

ཨང་དང་པོ་ས་གནས་ཐུན་བོད་སློབ་གྱི་སློབ་ཕྲུག་བསྟན་འཛིན། ཨང་གཉིས་པ་ར་པར་སི་ཝེལ་གྱི་སློབ་ཕྲུག་བསྟན་འཛིན་ལྷ་མོ། གསུམ་པ་ཛུ་རིག་གི་སློབ་ཕྲུག་བསྟན་འཛིན་ནོར་འཛོམས་བཅས་ཡིན་འདུག

དངོས་གཞིའི་འཛིན་གྲྭ་དང་པོ་གཉིས་པའི་ཡིག་གཟུགས། དབུ་མེད།

ཨང་དང་པོ་ས་གནས་ར་པར་སི་ཝེལ་གྱི་སློབ་ཕྲུག་ཉི་སྒྲོན། ཨང་གཉིས་པ་ར་པར་སི་ཝེལ་གྱི་སློབ་ཕྲུག་ཀུན་དགའ། ཨང་གསུམ་པ་ས་གནས་ཐུན་གྱི་སློབ་ཕྲུག་བསྟན་དབྱངས་བཅས་ཡིན་འདུག

དངོས་གཞིའི་འཛིན་གྲྭ་གསུམ་པ་དང་བཞི་བའི་ཡིག་གཟུག་འགྲན་བསྡུར། དབུ་ཅན།

ཨང་དང་པོ་ས་གནས་བོད་སློབ་གྱི་སློབ་ཕྲུག་བསྟན་འཛིན་ཀུན་བཟང་དང་། ཨང་གཉིས་པ་ས་གནས་རི་ཀོན་བོད་སློབ་གྱི་སློབ་ཕྲུག་བསྟན་འཛིན་ལྷ་མོ། ཨང་གསུམ་པ་ས་གནས་ཛུ་རིག་གི་སློབ་ཕྲུག་བསྟན་འཛིན་བཅས་དང་།

དངོས་གཞིའི་འཛིན་གྲྭ་གསུམ་པ་དང་བཞི་བའི་ཡིག་གཟུགས་འགྲན་བསྡུར། དབུ་མེད།

ཨང་དང་པོ་ས་གནས་ཐུན་བོད་སློབ་གྱི་སློབ་ཕྲུག་ཀུན་དགའ་ལེགས་པོ་དང་། ཨང་གཉིས་པ་ས་གནས་ར་པར་སི་ཝེལ་གྱི་སློབ་ཕྲུག་བསྟན་འཛིན་གཡང་སྒྲོན། ཨང་གསུམ་པ་ས་གནས་ཐུན་གྱི་སློབ་ཕྲུག་བསྟན་འཛིན་ཀུན་སྐྱབས་བཅས་ཡིན་འདུག

འཁྲབ་གཞས།

འཁྲབ་གཞས་འགྲན་བསྡུར་ཁྲོད་ཨང་རིམ་མཐོ་ཤོས་ཐོབ་མཁན་གྱི་བོད་སློབ་ཁག

ཨང་དང་པོ་ས་གནས་ར་པར་སི་ཝེལ་གྱི་བོད་སློབ། ཨང་གཉིས་པ་ས་གནས་ཝེ་དེན་སི་ཝེལ་གྱི་བོད་སློབ། ཨང་གསུམ་པ་ས་གནས་སྦ་སལ་བོད་སློབ་བཅས་ཡིན་འདུག

གཏམ་བརྗོད།

གཏམ་བརྗོད་འགྲན་བསྡུར་ནང་ཨང་རིམ་མཐོ་ཤོས་ལེན་མཁན་བོད་སློབ་ཁག

ཨང་དང་པོ་ས་ས་གནས་ཐུན་བོད་སློབ་དང་། ཨང་གཉིས་པ་ས་གནས་སྦེན་བོད་སློབ། ཨང་གསུམ་པ་ཐོབ་མཁན་ས་གནས་ཨར་གྷོའོ་བོད་སློབ་བཅས་ཡིན་འདུག

མཉམ་གཞས།

མཉམ་གཞས་འགྲན་བསྡུར་ནང་ཨང་རིམ་མཐོ་ཤོས་ལེན་མཁན་བོད་སློབ་ཁག

ཨང་དང་པོ་ས་གནས་ར་པར་སི་ཝེལ་བོད་སློབ་དང་། ཨང་གཉིས་པ་ས་གནས་ཝེ་དེན་སི་ཝེལ་བོད་སློབ། ཨང་གསུམ་པ་ས་གནས་ཐུན་བོད་སློབ་བཅས་ཡིན་འདུག

ཀློག་རྩལ།

དངོས་གཞིའི་འཛིན་གྲྭ་དང་པོ་དང་གཉིས་པའི་ཀློག་རྩལ་འགྲན་བསྡུར།

ཨང་དང་པོ་ཝེ་དེན་སི་ཝེལ་གྱི་བོད་སློབ། ཨང་གཉིས་པ་ས་གནས་ཧོར་རྒན་བོད་སློབ། ཨང་གསུམ་པ་ས་གནས་ཐུན་བོད་སློབ་བཅས་ཡིན་འདུག

དངོས་གཞིའི་འཛིན་གྲྭ་གསུམ་པ་དང་བཞི་བའི་ཀློག་རྩལ་འགྲན་བསྡུར།

ཨང་དང་པོ་ས་གནས་ཨར་གྷོའོ་བོད་སློབ། ཨང་གཉིས་པ་ས་གནས་ཛུ་རིག་བོད་སློབ། ཨང་གསུམ་པ་ས་གནས་ར་པར་སི་ཝེལ་བོད་སློབ་བཅས་ཡིན་འདུག

དགོད་བྲོའི་གཏམ་གླེང་།

དགོད་བྲོའི་གཏམ་གླེང་ནང་ཨང་རིམ་མཐོ་ཤོས་ལེན་མཁན་བོད་སློབ་ཁག

ཨང་དང་པོ་ས་གནས་ཐུན་བོད་སློབ་དང་། ཨང་གཉིས་པ་ས་གནས་ཧོར་རྒན་བོད་སློབ། ཨང་གསུམ་པ་ས་གནས་སྦ་སལ་བོད་སློབ་བཅས་ཡིན་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སམས་རགས།