བོད་ཀྱི་ཞིང་འབྲོག་སྲུང་སྐྱོབས་དང་སྤོ་བཞུད་ཀྱི་བྱུས་ངན་མཚམས་འཇོག

ཕྱི་ཚེས་ ༡༥ རེས་གཟའ་པ་སངས་ཉིན་ཇི་ནི་ཝའི་རྒྱལ་སྤྱིའི་འགྲོ་བ་མི་མའི་ལྷན་ཁང་མདུན་དུ་ས་གནས་ཚོགས་ཆུང་ཛུ་རིག་དང་ཝེ་ལྡན་སུ་ཝིལ་བོད་རིགས་མི་མང་གཉིས་ཀྱིས་གོ་སྒྲིག་འོག་བོད་ནང་གི་ཞིང་འབྲོག་སྲུང་སྐྱོབས་ཆེད་དུ་ལས་འགུལ་སྤེལ་ཡོད། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་ཤིན་ཏུ་ཛ་གྲགས་ཀྱི་གནས་སྟངས་ཡོད་པར། རྒྱལ་སྤྱིའི་ལྷན་ཚོགས་ནས་འཕྲལ་དུ་ཉམས་ཞིབ་ཚོགས་ཆུང་ཞིག་བོད་ནང་གཏོང་དགོས་པ་དེ་ཡིན། མ་ཟད་བོད་ནང་གི་ཞིང་འབྲོག་སྤོ་བཞུད་ཀྱི་བྱུས་ངན་གྱི་ལས་འགུལ་མཚམས་འཇོག་བྱ་རྒྱུ་དང་། ལྷག་དོན་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་བར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས།

དེ་སྔ་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་ཚོགས་ཆུང་སོ་སོར་ལས་འགན་ཆ་བསྐོས་གནང་བ་བཞིན་བོད་ཀྱི་ཞིང་འབྲོག་སྲུང་སྐྱོབས་ཀྱི་ལས་འགུལ་སྤེལ་རྒྱུ་ནི་ཚོགས་ཆུང་ཛུ་རིག་དང་ཝེ་ལྡན་སུ་ཝིལ་བོད་རིགས་མི་མང་ལ་གོ་བསྐལ་ཐོབ་ཡོད། ད་ལན་གྱི་ལས་འགུལ་རེབས་ཐེངས་གཉིས་པ་དེའི་ནང་ཡིག་ཆ་འགྲེམས་སྤེལ་ཞུ་རྒྱུ་དང་བོད་ཀྱི་ཐུན་མོང་མིན་པའི་ཞིང་འབྲོག་དང་འབྲེལ་བ་ཆགས་པའི་གཡག་གི་སྟོན་མོའི་ལས་འགུལ་ཡང་སྤེལ། དོན་ཁང་ནས་ཆེད་མངགས་སྐུ་ཞབས་བསམ་འཕེལ་ལགས་གདན་ཞུས་ཀྱིས་བོད་ནང་གི་ད་ཡོད་གནས་སྟངས་དང་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་། དེ་བཞིན་མི་མང་ནས་སྐད་འབོད་ཤུགས་ཆེ་དང་སྨོན་ལམ་གཏིང་ཟབ་གནང་།

མཐར་འཐུས་མི་པ་སངས་མེ་མིས་ཧོ་ཕར་དང་ནོར་བུ་ཚེ་རིང་རྣམ་གཉིས་ཀྱིས་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་མཛད་དེ་ལས་འགུལ་མཚམས་འཇོག་གནང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སྡོམས་རོགས།