བོད་ཀྱི་བེུད་རང་དབང་སྒེར་ལངས་དང། གདུང་སེམས་མཉམ་སྐྱེད་ཞི་རྒོལ་བྱས་པ།

༄༅། ཕྱི་ལོ་༢༠༡༦ཟླ་༣ཚེས་༡༢རེས་གཟའ་སྤེན་པའི་ཉིན་འཛུ་རིག་གྲོང་འཁྱེར་གྱི་མེ་འཁོར་བབས་ཚུགས་ཉེ་འགྲམ་Werdmühleplatzདུ་བོད་ཀྱི་བེུད་རང་དབང་སྒེར་ལངས་ཐེངས་༥༧པ་ལས་འགུལ་སྲུང་བརྩི་ཉིན་དང་སྟབས་བསྟུན།སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང།ས་གནས་བོད་ཀྱི་བུད་མེད་ཚོགས་པ་ཐོུང་གིས་གོ་སྒྲིག་འོག་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ནས་འུ་ཐུག་བཟོད་བྲལ་གྱིས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༥༧ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་སྔོན་ཟླའི་ནང་རྒྱལ་གཅེས་པ་གྲྭ་སྐལ་བཟང་དབང་འདུས་ལགས་དང།རྡོ་རྗེ་ཚེ་རིང་ལགས་གཉིས་བོད་ཀྱི་རྩ་དོན་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་མེ་མཆོད་དུ་ཕུལ་བ་རྣམ་པ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད་འདུག

དེ་ཡང་གོང་ཚེས་ཉིན་ཕྱེད་ཡོལ་ཕྱག་ཚོད་༡།༠༠ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོགབོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དབུས་ས་འཐུས་ཁག་ཅིགདེ་བཞིན་ས་གནས་བོད་རིགས་མི་མང་༡༧༠སྐོར་འདུ་འཛོམས་ཀྱིས་ཐོག་མར་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ནེ་ལུང་དབྱངས་སྐྱིད་ལགས་ནས་ལས་རིམ་ངོ་སྤྲོད་གནང་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་  ༡༥༢  ནས་རང་ལུས་མེ་བསྲེགས་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གུས་འདུད་མྱ་ངན་མཚོན་ཆེད་ངག་གཅད་སྐར་མ་གཅིག་རིང་གནང།   དེ་ནས་རིམ་བཞིན་ཞི་བའི་སྐད་འབོད་སྒྲོག་བཞིན་ངང་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་བར་གོམ་བགྲོད་གནང་ནས་བསྐྱར་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་མ་ནོ་ཚེ་རིང་ལགས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང།   དེ་བཞིན་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས།   དེ་རིང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་མི་མང་མཉམ་དུ་ལས་འགུལ་འདི་ལྟར་སྤེལ་དོན་དེ་ཡང་ཟླ་བ་སྔོན་མའི་ནང་བོད་དང་རྒྱ་གར་ནང་བོད་མི་ལོ་གཞོན་གཉིས་ནས་རང་ལུས་མེར་བསྲེགས་བཏང་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་ཚང་མའི་མཁྱེན་གསལ་རེད།   དེར་བརྟེན་མི་མང་ནས་དམ་པ་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཆེད་རྒྱ་ནག་གཞུང་ཚབ་མདུན་ཞི་རྒོལ་ཞིག་མ་བྱས་པ་སྡད་ཐབས་མེད་ཀྱང་གཞན་དབང་སྟབས་བསྟུན་དགོས་པར་སོང་དུས་བསྟུན་ཆོག་མཆན་རགས་རྒྱུ་དཀའ་ངལ་ལ་བརྟེན་ད་རིང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ལོ་ལྟར་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་རྒྱུ་སྔོན་ནས་ཆོག་མཆན་རགས་ཡོད་པར་སོང་ང་ཚོའི་ལས་འགུལ་མཉམ་རུབ་ཐོག་གོ་སྒྲིག་ཞུས་ན་ཞེས་འབོད་བསྐུལ་ཞུས་པ་དེ་ལྟར་ཞལ་བཞེས་གནང་བར་བུད་མེད་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   དེ་དང་ཆབས་ཅིག་ཁ་སང་ཚེས་  ༡༡ ཉིན་འཇི་ནེ་ཝར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་བསྩལ་སྐབས་བོད་མི་གྲངས་འབོར་  ༣༠༠༠ བརྒལ་བ་ཡོད་པ་ཚང་མས་ཡ་རབས་སྤྱོད་བཟང་ངང་སྒྲིག་མཐུན་ལག་ལེན་བསྟར་བ་ལའང་སྙིང་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུངས།

ཞི་བའི་སྐད་འབོད་ཡང་ཡང་སྐྱོན་པ་དང།  མཁན་རིན་པོ་ཆེས་དབུས་མང་ཚོགས་ནས་ཞལ་འདོན་སྨོན་ལམ་གསུངས་པ་བཅས་མཐར་དགོང་དྲོའི་ཕྱག་ཚོད་  ༣།༣༠ཐོག་ལས་འགུལ་མཇུག་སྒྲིལ་བ་བཅས་གནས་བསྡུས་སུ།     གསར་འགོད་པ་བསམ་པ་དོན་གྲུབ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།