བཙན་བྱོལ་བོད་མིའི་བཀའ་ཁྲིའམ་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་བོད་ཀྱི་ཆབ་སྲིད་འགན་དབང་བདག་གིར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བར་བཀྲིས་བདེ་ལེགས་ཞུ།།

དེ་ཡང་བཙན་བྱོལ་བོད་མི་མང་གིས་མང་མོས་འོས་འདེམས་ཞུས་པའི་བཀའ་ཁྲིའམ་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ཕྱི་ལོ་  ༢༠༡༡  ཕྱི་ཟླ་  ༨  ཚེས་  ༨  ཉིན་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་གཟི་བརྗིད་ཅན་གྱི་ཉིན་མོ་འདིར་དགའ་གུས་སྤྲོ་གསུམ་གྱིས་སྒོ་ནས་མཛའ་བརྩེའི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་དང་ཆབས་ཅིག་བཀའ་ཤག་ལྷན་རྒྱས་མཆོག་ལའང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་ཕན་ལོ་གཅིག་སོང་བའི་རིང་ལ་མཛད་འཕྲིན་རྒྱས་པོ་བྱུང་ཡོད།  མུ་མཐུད་ཡར་རྒྱས་ཚག་འཚུད་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག  དགོངས་གཞི་དམ་འབུལ་ཞུས་པ་ལྟར་མགྱོགས་ནས་མྱུར་དུ་བོད་དོན་བདེན་མཐའ་སེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞུས་ནས་གཞིས་བྱེས་མཉམ་འཛོམྶ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཤུཊ་དྲག་ཞུ་རྒྱུ་ཡིན། 

འདི་ག་སུད་ཛ་ལན་ཊིར་ཕྱི་ཟླ་ ༨ ཚེས་  ༨  ནས་བཟུངས་ཉིན་ཤས་རིང་མ་ཧ་གུ་རུའི་འབུམ་ཚོགས་ཤིག་འབུལ་གྱི་ཡོད་སྟབས་སྒོ་འབྱེད་ཉིན་མི་མང་གི་ཚོགྶ་གཞོན་བསམ་པ་དོན་གྲུབ་ལགས་ཆེད་དུ་བཅར་ནས་བསྙེན་བཀུར་ཞལ་འདེབས་བསྟར་འབུལ་གྱིས་༸གོང་ས་མཆོག་གི་དབུས་སྐྱེས་ཆེན་གྱི་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་ཞབས་པད་བརྟན་པ་དང་།  བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་སྐུ་སྲོག་དོར་བས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བྱས་བསགས་སྡིག་ལྟུང་བྱང་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ།  དེ་བཞིན་རྒྱའི་གདུག་རྩུབ་མནར་གཅོད་མྱོང་བཞིན་པ་རྣམས་དཀའ་སྡུག་ལས་མྱུར་དུ་གྲོལ་ཐབས་བཅས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།