བསྟན་འཛིན་བདེ་ལེགས་རིན་པོ་ཆེར་བསྔོ་སྨོན་གསོལ་འདེབས་མཆོད་འབུལ་ཞུས་པ།

༄༅། ཀུན་གྱི་དགོངས་མངའ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་རྒྱ་གཞུང་གི་མ་ཉེས་ཁ་གཡོགས་ཀྱི་འཛིན་གཟུང་བྱས་ནས་ད་བར་མི་ལོ་ ༡༣ ལྷག་བཙོན་འཇུག་དོ་དམ་འོག་ སྡུག་སྦྱོང་ཚད་མེད་མྱང་དགོས་བྱུང་བ་དང་ཕྱི་ཟླ་ ༧ ཚེས་ ༡༢ རེས་གཟའ་ཉི་མའི་དགོང་དྲོ་ཆུ་ཚོད་ ༡༠ ཐོག་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་སོང་སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ནས་ད་རིང་ཕྱི་ཟླ་ ༧ ཚེས་ ༢༥ སྔ་དྲོ་ཚོུད་ ༩/༣༠ ནས་ ༡༢/༠༠ བར་རི་ཀོན་ཆོས་འཁོར་དགོན་དུ་དམིགས་བསལ་ཐུགས་སྨོན་མཆོད་འབུལ་གོ་སྒྲིག་ཞུས་སོང་བ་དང་།  ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ཚང་མར་གུས་བསུ་དང་སྦྲགས་རིན་པོ་ཆེ་མཆོག་ལ་གདུང་སེམས་མཉམ་སྐྱེད་དང་བཅས་གསོལ་འདེབས་སྨོན་ལམ་དང་ཡང་སྲིད་མཆོག་སྤྲུལ་མྱུར་དུ་བྱོན་པའི་གསོལ་འདེབས་བསྔོ་སྨོན་ཞུས་པ་མ་ཟད།  རྒྱ་གཞུང་གི་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོགས་ཀྱི་སྲིད་བྱུས་ལ་ནམ་ཡང་ངོས་ལེན་མེད་པ་མ་ཟད།  རིན་པོ་ཆེའི་སྐུ་ཕུང་ཀྱང་ཁོང་གི་ནང་མི་གཞིས་དགོན་བཅས་པར་རྩིས་སྤྲོད་མ་ཞུས་པར་བློ་ཕམ་ཤུགས་ཆེར་ཡོད་པ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་ཡུལ་མི་རྣམས་ཀྱི་ཤེས་ཡོན་གོང་སྤེལ། འཕྲོད་བསྟེན། ལྷག་པར་བོད་མི་འབྲོག་པ་རྣམས་ཀྱི་བདེ་དོན་ཆེད་ངལ་བ་ཁྱད་གསད་ཀྱིས་འབད་འབུངས་གནང་ཡོད།

གང་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་སྐུའི་ཡང་སྲིད་རིན་པོ་ཆེ་མགྱོགས་མྱུར་གངས་ཅན་ལྗོངས་སུ་འཁྲུངས་པའི་སྨོན་ལམ་དང་དམ་པ་ཁོང་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ཐུགས་སྨོན་སྐྱབས་འཇུག་ཤུགས་ཆེ་གནང་དགོས་སྐོར་དང་།  ཕྱི་ཚེས་ ༣༡  ཉིན་འཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་དང་བཅས་མི་མང་གང་མང་འཛོམས་ཐབས་དགོས་སྐོར་དང་།  ཕྱི་ཟླ་  ༩  ཚེས་  ༡༠ ་་ ༢༣  བར་༸གོང་ས་མཆོག་དབྱིན་ཡུལ་དུ་ཞབས་སོར་བཀྲིན་ཆེ་རྒྱུར་ཡང་དོལ་རྒྱལ་ཚོགས་པར་གདོང་ལེན་བྱ་ཐབས་བཅས་མི་མང་གང་མང་ཕེབས་ཐུབ་ཐབས་གནང་གལ་སྐོར་སོགས་འབོད་བསྐུལ་གནང་།

ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་བཀྲིན་རྗེས་དྲན་ཞུ་གལ་དང་མུ་མཐུད་ལས་འགུལ་སྤེལ་ཐབས་དགོས་པ་གལ་ཆེའི་སྐོར་སོགས། མཁན་རིན་པོ་ཆེས་ཚང་མས་ཐུགས་སྨོན་དམ་གཟབ་གནང་དགོས་སྐོར་དང་ཆབས་ཅིག་ཞེ་དགུའི་དུས་སྐབས་སོགས་མུ་མཐུད་སྨོན་འདུན་ཞུ་དགོས་པའི་བརྒྱུད་བསྐུལ་གནང་།

ད་རིང་མཁན་རིན་པོ་ཆེས་དབུས་དགེ་འདུན་འདུས་པ་རྒྱ་མཚོ་དང་།  ཡུ་རོབ་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ།  དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་སོགས་མི་གྲངས་  ༢༥༠ བརྒལ་བ་མཉམ་འཛོམས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༡ ནས་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༢༡ འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་རྒྱ་བལ་ནང་མི་གྲངས་ ༧ ཙམ་བྱུང་ཡོད་པ་བཅས་ལ་ཐུགས་སྨོན་དམ་གཟབ་གནང་ཡོད་པ་དང་རྗེས་སུ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་སོང་བ་བཅས་ཀྱི་གནས་ཚུལ་རོབ་བསྡུས་སུ་བསམ་པ་དོན་གྲུབ་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།