བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོད་གླེང་ཐེངས་བཅུ་གཅིག་པ་འཛུ་རིག་ནས་འཚོགས།

ཟླ་འདིའི་ཚེས་ཉེར་བཞི་ཉིན་སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་བོད་ནང་གི་རང་ལུས་མེ་བསྲེག་གི་ལས་འགུལ་དང་བྱེས་པའི་ལས་འགན་ཟེར་པའི་བརྗོད་བྱ་འོག་འཚོགས།

བགྲོ་གླེང་དེར་སུད་སིའི་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་གཉིས་གཙོ་བྱས་པས་ཚོགས་ཞུགས་པ་བོད་མི་༤༨ ཉིན་དེའི་ཕྱི་དྲོད་ཆུ་ཚོད་གཉིས་པ་ནས་འགོ་བཙུགས་ཏེ་ཕྱི་དྲོད་ཆུ་ཚོད་ལྔ་བའི་བར་དུ་ཕྱི་སྡོད་བོད་མིའི་ཅི་ཞིག་བྱེད་དགོས་མིན་ཐད་ལ་རང་ཉིད་ཀྱི་བསམ་ཚུལ་དང་། ཚོགས་པ་གང་ཡིན་་དབྱེ་བ་མེད་པར་ལས་འགུལ་སྤེལ་བཞིན་པ་དེ་དག་ལ་མི་མང་གི་ངོས་ནས་དོ་སྣང་མང་ཙམ་བྱེད་ནས་ལས་འགུལ་གང་སྤེལ་གྱིན་པ་དེའི་ཆ་ཤས་ལེན་ཐུབ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་སོང་།

ཚོགས་ཞུགས་པ་ཡོངས་ཀྱིས་ཐུན་མོང་གི་སྐད་ཆ་གཅིག་ཤོས་ནི་མཐུན་ལམ་ཡར་རྒྱས་དང་མ་འོངས་པར་ལས་འགུལ་གྱི་ནུས་ཤུགས་གོང་མཐོར་གཏོང་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་བསམ་ཚུལ་ཤུགས་ཆེན་གནང་སོང་། དེ་དང་མཉམ་དུ་བོད་སྤྱི་ཚོགས་ནང་ཁུལ་དུ་ལྟ་བའི་ལང་ཕྱོགས་བར་གྱི་རྩོད་རྙོག་གཙོ་བོར་མི་འཛིན་པར་ང་ཚོའི་འཐབ་རྩོད་བྱེད་ཡུལ་དེ་རྒྱ་ནག་ཡིན་པ་ངོས་ཟིན་པར་བྱེད་དགོས་པ་སོགས་ཀྱི་གླེང་བྱ་བཏོན་སོང་།

དེ་དང་འབྲེལ་མ་འོངས་པར་སུད་སིའི་གནས་སྡོད་བོད་མིའི་རྣམས་ནས་སྔོན་ལྟར་ལས་འགུལ་གང་སྤེལ་གྱིན་པ་དེར་མཉམ་ཞུགས་བྱེད་ཐུབ་ཀྱིན་མེད་པ་དེའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་ཡོད་མེད་ཀྱི་སྐོར་ཞིབ་འཇུག་བྱེད་དགོས་རྒྱུ་དེ་ཡང་གལ་ཆེན་ཡིན་པའི་སྐོར་ནན་གསུངས་གནང་སོང་།
བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་འདི་སུད་སི་གཅིིག་པོ་མ་ཡིན་པར་ཐེངས་བཅུ་བ་དེ་བཞིན་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཟླ་སྔོན་མར་འཚོགས་ཡོད་པ་དང་། དེ་བཞིན་མ་འོངས་པར་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷལ་རྗེམ་སོགས་འཚོགས་འཆར་ཡོད་པའི་ལས་རིམ་ཞིག་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།