བལ་གཞུང་གིས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་༦འཛིན་བཟུང༌།

ཉེ་ཆར་རེས་གཟའ་ཉི་མའི་ཉིན། བལ་གཞུང་གིས་འགྲུལ་སྐྱོད་ཡིག་ཆ་མེད་པའི་ཉེས་འཛུགས་འོག བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་དྲུག བལ་ཡུལ་གྱི་སིན་དྷུ་པལ་ཆོ་ཟེར་བའི་ས་གནས་དེ་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེའི་ནང་སྐྱེས་པ་༤དང་བུད་མེད་༢བཅས་ཁྱོན་མི་གྲངས་༦ཡོད་འདུག་པ་དང༌། སྤྱིར་བལ་གཞུང་གིས་དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་ལ་མིང་རྟགས་བཀོད་ཡོད་རུང༌། ད་བར་དུ་བོད་མི་བརྒྱ་ཕྲག་མང་པོར་ཁྲིམས་འགལ་གྱི་བལ་ཡུལ་དུ་རྒྱལ་མཚམས་བརྒལ་ནས་ཡོང་བའི་ཉེས་འཛུགས་འོག་འཛིན་བཟུང་དང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་སོགས་བྱས་དང་བྱེད་བཞིན་པ་རེད། འཛིན་བཟུང་བྱས་པའི་བོད་མི་དེ་དག་ཕྱི་མི་ཞིབ་བཤེར་ལྷན་ཁང་ལ་རྩིས་སྤྲོད་ཀྱིས། ཁོང་ཚོར་ཞིབ་བཤེར་བརྒྱུད་དེ་ལ་བབ་པའི་ལག་ལེན་བསྟར་རྒྱུ་ཡིན་ཚུལ། བལ་ཡུལ་དབང་འཛིན་པ་ཁག་ཅིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་གནོན་ཤུགས་འོག འདས་པའི་ལོ་འགའི་རིང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་མང་པོ་འཛིན་བཟུང་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱིན་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་ཡོད་པ་དང་།དེ་བཞིན་དུ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་དབང་ཤུགས་ལ་བརྟེན་ནས། བལ་ཡུལ་གཞུང་ལ་བལ་ཡུལ་དུ་ཡོད་པའི་བོད་མི་དེ་དག་ལ་དྲག་གནོན་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱིན་ཡོད་སྐོར། ཉེ་ཆར་ཝིད་ཀི་ལིས་ཀྱིས་གནས་ཚུལ་གསལ་བཏོན་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱུན་དུ་བོད་མི་སྐྱབས་བཅོལ་བ་རྣམས་ལ། ཁོང་ཚོ་སྐྱབས་བཅོལ་བ་མིན་ལ། ཁོང་ཚོ་ནི་ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་ནས་འགྲུལ་བཞུད་བྱེད་མཁན་ཞིག་རེད་ཅེས་འགྲེལ་བརྗོད བྱེད་བཞིན་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 2 སྡོམས་རོགས།