བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་ལགས་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་༦༠༠ ལྷག་སྐོར་ལ་བཀའ་སློབ་བཀྲིན་བསྩལ་བ།

བཙན་འབྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་ལགས་ད་ལེན་ཡུ་རོབ་རྒྱལ་ཁབ་ཁག་ཤས་ནང་གཞུང་དོན་འཐད་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་དང་ད་རིང་ཟླ་བ་ ༡༡ ཚེས་ ༢༠ ཉིན་སུད་སི་གྲོང་ཁྱེར་འཛུ་རིག་གནམ་ཐང་དུ་ཕྱག་ཚོད་ ༦་་༣༠ ཐོག་ཞབས་གསོར་འཁོད་གནང་སྐབས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་སུད་སི་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་ཟུར་རྣམ་པ་དེ་བཞིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་སྒྲིག་འཛུག་གིས་ལས་སྣེ་རྣམ་པ། མི་མང་མང་པོས་དགའ་ཚོར་ཆེན་པོའི་ཐོག་ཕེབས་བསུའི་སྣེས་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། གནམ་ཐང་ནས་ཁར་ཐུག་འཛུ་རིག་གྲོང་འཁྱེར་ནང་གི་ཚོགས་ཁང་ནང་ཞབས་སོར་འཁོད་པ་དང་། ཐོག་མར་མི་མང་ཟློས་གར་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏང་གནང་། ཉེ་དུས་བོད་ནང་རང་མི་རིགས་དང་རྒྱལ་ཁབ་ཀྱི་དོན་རང་ལུས་འབུལ་མཁན་རྣམས་ལ་གཙོ་བོར་དམིགས་སྙིང་སྟོབས་ཅན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་མི་མང་ཚོགས་གཞོན་ནས་དགའ་བསུའི་གསུང་བཤད་གནང་ཡོད། བཀའ་ཁྲི་མཆོག་ནས་ཐོག་མར་སུད་སི་ལུང་པའི་བཟང་སྤྱོད་ལ་མིག་དཔེ་བཟུང་ནས་སུད་སི་གནས་བསྡོད་བོད་མི་རྣམས་ནས་མཛད་རིམ་གཞིར་བཟུང་དུས་ཐོག་ལ་མཛད་སྒོ་དབུ་འཛུགས་གནང་པར་ཡིད་རང་མངག་བརྗོད་ཞུས་པ་དང་། རིམ་བཞིན་བཀའ་ཁྲིའི་ཐུགས་འགན་བཞེས་ནས་ཟླ་དུས་གསུམ་ནང་བཙན་འབྱོལ་གཞུང་གི་ལས་དོན་ཁག་སྒྲུབ་ཕྱོགས་སྐོར་དང་མ་འོངས་ཡར་ཐོན་གྱི་ལས་དོན་ཁག་བཅས་མང་ཚོགས་ལ་གསལ་བཤད་དང་བཀའ་སློབ་གསུང་བཤད་ཁག་དུས་ཡོན་ཕྱག་ཚོད་གཅིག་ལྷག་རིང་གནང་ཡོད་པ་དང་། ཕྱག་ཚོད་ཕྱེད་ཀྱི་རིང་བར་སེང་གནང་པས་རྗེས་མི་མང་ནས་བཅའ་འདྲི་གནང་པ་དང་དགོངས་ཚུལ་ཞུ་མཁན་ཡང་མང་དག་བྱུང་ཡོད་པ་རེད། ད་ལེན་ཚོགས་ཁང་ནང་མི་ཚོགས་ཚད་ལས་འརྒལ་བས་རྐྱེན་ཕྱག་ཚོད་ཕྱེད་ཀ་སྔོན་དུ་མཛད་རིམ་མཇུག་སྒྲིལ་གནང་དགོས་པ་ཡང་བྱུང་། མཇུག་སྡོམ་དུ་མི་མང་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཐུགས་རྗེ་ལེགས་འབུལ་ཞུས་པས་རྗེས་མཛད་རིམ་ཁག་ལེགས་སྒྲུབ་ཟིན་ཡོད་པ་རེད། བཀའ་ཁྲི་མཆོག་ཉིན་རྒྱབ་ཡུ་རོབ་གཞོན་ནུའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པས་མཛད་སྒོར་ཆིབས་བསྒྱུར་བསྐྱང་ནས་བཀའ་སློབ་བཀྲིན་བསྩལ་རྒྱུ་ཡིན་པ་རེད་འདུག །། འདྲ་པར་་་་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།