བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་འོས་དམིགས་བདུན་ལ་གྲོས་ཚོགས་ཀྱིས་མང་མོས་ཐོག་འོས་འདེམས་གནང་བ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ དུས་དང་པོའི་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཅའ་ཁྲིམས་དོན་ ཚན་ ༢༢ པའི་དགོངས་དོན་ལྟར།རང་གི་བཀའ་ཤག་ལྷན་ཚོགས་སུ་བསྐོ་གཞག་ཞུ་རྒྱུའི་བཀའ་བློན་ འོས་དམིགས་རྣམས་ནི། བཀའ་ཤག་སྐབས་བཅུ་བཞི་པའི་ཤེས་རིག་བཀའ་བློན་ཟུར་པ་དངོས་གྲུབ་ཚེ་རིང་མཆོག་ དང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་། བདེ་སྲུང་དྲུང་ཆེ་འཕགས་པ་ཚེ་རིང་ལགས། སྤྱི་ཟུར་ཀརྨ་ཡེ་ཤེས་ལགས། སྤྱི་ཟུར་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་བཅས་ཀྱི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་ སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་རྗེས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ མང་མོས་ཐོག་འོས་འདེམས་གནང་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།