བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ལ་གསེར་གྱི་རྟགས་མ་ཕུལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་ཨ་ཡར་ལེན་ཌེའི་རྒྱལ་ས་ཌབ་ལིན་(Dublin) ཁུལ་གྱི་(Trinity College Historical Society of Trinity College )ཞེས་པའི་མཐོ་སློབ་དེས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་ལ་མང་ཚོགས་ལ་ཕུལ་བྱུང་གཏམ་བཤད་ཀྱི་གསེར་གྱི་རྟགས་མ་ཕུལ་འདུགགོང་ཚེས་ཉིན་གསེར་གྱི་རྟགས་མ་འབུལ་རྒྱུའི་མཛད་སྒོར་བསྟི་གནས་ཁང་དེའི་འགན་འཛིན་ཇོན་ཨན་ལན་ལགས་ཀྱིས་གསུང་དོན། ཐེངས་འདིའི་གསེར་གྱི་རྟགས་མ་འདི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ལ་འབུལ་དགོས་དོན་ནི། ཁོང་གི་བོད་མིའི་མགྲིན་ཚབ་གནང་སྟེ་འཛམ་གླིང་ཁྱོན་ཡོངས་ནང་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་གནང་གི་ཡོད་པར་ངོས་འཛིན་ཞུས་ནས་ཕུལ་བ་ཞིག་ཡིན། ཞེས་གསུངས་ཡོད། དེ་བཞིན་བཀའ་ཁྲི་མཆོག་གིས་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ང་ལ་ཆེ་བསྟོད་གསེར་གྱི་རྟགས་མ་འདི་གནང་བར་ངས་བོད་མིའི་སྐུ་ཚབ་ཞུས་ཏེ་དང་ལེན་ཞུ་རྒྱུ་ཡིན། ཕྱོགས་མཚུངས་ང་རང་གསེར་གྱི་རྟགས་མ་འདི་ལེན་མཁན་གྱི་གྲས་སུ་ཚུད་པར་ཧ་ཅང་ང་མཚར་སྐྱེས་བྱུང་། ངས་རྒྱུན་དུ་བགྲོ་གླེང་དང་ཤེས་ཡོན་གཉིས་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུར་གལ་གནད་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ ནང་ཚུད་བོད་ནང་བོད་མི་ཉི་ཤུ་རྩ་བཞིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་བོད་མི་བཅུ་བཞི་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་བོད་མི་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པ་དང་ཁག་གཅིག་གར་སོང་ཆ་མེད་དུ་གྱུར་ཡོད། གལ་ཏེ་མི་སུ་ཞིག་ཡིན་རུང་འདམ་ག་ཡོད་ན་རང་སྲོག་གཅེས་ཉར་བྱས་ཏེ་རང་གི་ཕ་མ་དང་གྲོགས་པོ་མཉམ་དུ་བསྡད་འདོད་ཡོད་པ་མ་གཏོགས་རང་སྲོག་དོར་འདོད་མེད། འོན་ཀྱང་བོད་ལ་རང་དབང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཆེད་ཁོང་རྣམ་པས་དེ་ལྟར་གནང་གི་ཡོད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་དེ་དག་གྲངས་ཀ་བརྩི་རྒྱུར་འགྱུར་མི་ཡོང་ངམ་སྙམ་པའི་ང་ཚོར་སེམས་འཚབ་ཆེན་པོ་འདུག དེ་དག་གྲངས་ཁ་མིན་པར་འགྲོ་བ་མི་ཡིན་པ་མ་ཟད། ང་ཚོ་དང་འདྲ་བ་ནང་མི་མཉམ་དུ་བསྡད་འདོད་ཡོད་པ་གཅིག་མཚུངས་ཡིན། རྒྱ་ནག་གཞུང་ནས་ཞི་འཇམ་དུ་གཏོང་རྒྱུའི་ཚབ་ཏུ་བོད་ནང་དམག་མི་སྟོང་ཕྲག་མང་པོ་གཏོང་གི་ཡོད་པ་མ་ཟད། གསར་འགྱུར་ལས་རིགས་ལ་བཀག་སྡོམས་བྱས་དང་བྱེད་མུས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།སྤྱིར་བཏང་(Trinity) མཐོ་རིམ་སློབ་གྲྭ་ཆེན་མོ་(C H S )ཞེས་པའི་ལོ་རྒྱུས་ཀྱི་ཚོགས་པ་དེ་བཞིན་འཛམ་གླིང་ནང་བགྲོ་གླེང་གོ་སྒྲིག་ཞུ་མཁན་གྱི་ཚོགས་པ་རྙིང་ཤོས་དེ་ཡིན་པ་དང། ད་ལྟའི་སྐབས་སུ་(Tirnity) མཐོ་སློབ་ནི་གཏམ་བཤད་དང་སྦྱངས་བཤད་ཀྱི་བསྟི་གནས་གཙོ་བོ་དེ་ཡང་ཡིན་འདུག མཐོ་སློབ་ཁང་དེ་ནས་སྔ་རྗེས་གཏམ་བཤད་ཀྱི་གསེར་གྱི་རྟགས་མ་དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ཇོན་མེ་ཇོར་(John Major)མཆོག་དང་ཨར་ལན་ཌེའི་ཆབ་སྲིད་དབུ་ཁྲིད་ཟུར་པ་ཨལ་བར་ཊེ་རེ་ནོལ་ཌེ་སི(Albert Reynolds)མཆོག འབར་མའི་ལྕམ་སྐུ་ཨང་སུ་ཀི་(Aung Sna Su kyi)མཆོག དེ་བཞིན་ཡི་ཤུ་བླ་ཅེན་ཌེ་སེ་མོན་ཊུ་ཊུ་(Dosmond Tutu)མཆོག་སོགས་ལ་ཕུལ་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།