ཕྱི་ལོ་ ༢༠༡༧ ཛུ་རིག་མངའ་སྡེའི་དགའ་སྟོན་གྱི་ཉིན་མོ་ས་གནས་རི་ཀོན་དུ་ཚོགས།

ལོ་དྲུག་རེའི་མཚམས་ཛུ་རིག་མངའ་སྡེའི་གོ་སྒྲིག་འོག་ཡུལ་མི་སྟོང་ཚོ་ཁ་ཤས་འདུ་འཛོམས་ཀྱིས་རང་གི་དགའ་མོས་ཆེ་བའི་ལུས་རྩལ་རྐང་པོལ། མཆོང་རྒྱག རྒྱང་སྐྱོད་བང་འགྲན་སོགས། རྩེད་རིགས་སྣ་ཚོགས་ཀྱི་སྒོ་ནས་དགའ་སྟོན་གྱི་ཉིན་མོ་ཞིག་རོལ་སྲོལ་ཡོད་པ་བཞིན། ད་རེས་དགའ་སྟོན་གྱི་བྱེད་སྒོ་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་བ་དྲུག་པའི་ཚེས་ ༡༧/༡༨ དང་ ༢༣/༢༤/༢༥ བཅས་ཉིན་ལྔའི་རིང་རི་ཀོན་ས་གནས་སུ་འཚོགས། དུས་དེར་མི་མང་སྟོང་ཚོ་ཁ་ཤས་ཀྱིས་ཆ་ཤས་བླངས་ཏེ་རང་གི་དགའ་མོས་ཆེ་བའི་ལུས་རྩེད་ཀྱི་རྩལ་སྟོན་ཡོད། དགའ་སྟོན་གྱི་ཉིན་མོར་ས་གནས་རི་ཀོན་བོད་རིགས་ཚོགས་ཆུང་གིས་ཆ་ཤས་བླངས་ཏེ་བོད་ཟས་བཞེས་མོག་དང་། བཞེས་འབྲས། བོད་ཇ་སོགས་འགྲེམས་སྤེལ་གྱིས་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་དང་སྦྲགས་ཚོགས་ཆུང་གིས་དཔལ་འབྱོར་འདུ་འགོད་བྱུང་། ཉིན་མཐའ་མར་ཡུན་རིང་ནས་བོད་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་སུད་སི་དབུས་གཞུང་སྡེ་སྲུང་བཀའ་བློན་ཟུར་པ། ད་ཆ་དཔལ་འབྱོར་བཀའ་བློན་གྱི་ལས་འཁུར་བཞིན་པ་སྐུ་ཞབས་ Ueli Maure དང་། ཛུ་རིག་མངའ་སྡེའི་སྡེ་སྲུང་འགན་འཛིན་པ་ Mario Fehr རྣམ་གཉིས་དགའ་སྟོན་གྱི་ཉིན་མཐའ་མར་མཇུག་སྡོམས་གསུང་བཤད་གནང་སྐབས་ས་འཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ནས་ཁོང་གཉིས་ཀྱིས་གཙོས་པའི་སུད་སི་གཞུང་ནས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་རྒྱུའི་གོ་སྐབས་ཟུར་དུ་བྱུང་བ་བཅས་ཀྱི་གནས་ཚུལ།
ས་འཐུས་བརྡ་སྐྱེལ་ལྷག་པ་ཚེ་རིང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།