ཕྱི་ཟླ་ ༦ ཚེས་ ༡༢ ཏེ་ཉིན་གསུམ་པར་འཇི་ནི་ཝར་སྤེལ་བཞིན་པའི་ལས་འགུལ།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་དུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་སྐུལ་འདེད་བྱེད་པའི་ལས་འགུལ་ཉིན་གསུམ་པ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༢༠ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༧ བཅས་དང་ལོ་ན་ཆུང་ཤོས་ ༢༣ དང་རྒན་ཤོས་ ༧༠ ཡིན།  སྔ་དྲོ་ཆུ་ཚོད་ ༠༨།༠༠ ཐོག་ལས་འགུལ་བ་རྣམས་མཉམ་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ད་བར་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་དང་བཅས་མྱ་ངན་ངག་བཅད་སྐར་མ་གཅིག་གནང་། ཉིན་དེའི་ཕྱག་འཚལ་བའི་ལས་འགུལ་དབུ་འཛུགས་ཞུས།  ལས་འགུལ་བ་རྣམས་གནམ་གཤིས་ཚ་བ་ཆེ་བས་ཉི་འོད་ནང་ཕྱག་འཚལ་བར་བརྟེན་ལུས་པོའི་ཤ་པགས་འཚིག་པ་སོགས་དཀའ་སྡུག་ཅུང་ཟད་ཡོད་ཀྱང་།  དཀའ་ངལ་ལ་གདོང་ལེན་དང་ལྷག་བསམ་གཡོ་མེད་ངང་ལས་འགུལ་མུ་མཐུད་སྤེལ་བཞིན་འདུག།   བོད་དོན་དྲིལ་བསྒྲགས་ཡིག་ཆ་རྣམས་འགྲེམ་སྤྲོད་སྐབས་དགའ་འཚོར་བྱེད་ཀྱིན་འདུག  རྒྱ་རིགས་དང་དེ་བཞིན་མི་རིགས་གཞན་རྣམས་ལ་རང་རང་སོ་སོའི་སྐད་ཡིག་ཐོག་བོད་དོན་འགྲེམས་སྤེལ་ཞུས་ཡོད་པར། ཁོང་ཚོའི་ངོས་ནས་པར་རྒྱབ་པ་དང་དྲི་བ་དྲིས་བ་སོགས་དོ་སྣང་ཆེན་པོ་བགྱིས་འདུག    ཕྱི་དྲོ་ཆུ་ཚོད་ ༡༦།༠༠ ཐོག་ཉིན་གསུམ་པའི་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུས་ཡོད་པ་དང་།  སང་ཉིན་ཕྱི་ཚེས་ ༡༣ ལས་འགུལ་ཉིན་བཞི་པའམ་དངོས་གཞིའི་ཆེད་གྲ་སྒྲིག་ཞུ་བཞིན་ཡོད་ལ་ ཚོགས་ཆུང་དྲུག་གི་མི་མང་གང་མང་མཇལ་འཛོམས་ཡོང་བའི་རེ་བ་བཅས་བསྟན་འཛིན་སྙིང་པོས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།