༄།ཕོལ་ཁེད་སི་ཝིལ་ཚོགས་ཆུང་གི་ལོ་གསར་གྱི་ལྷན་འཛོམས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་གདན་ཞུས་ཐོག་བཀའ་སློབ་བསྩལ་བ།

༄།བོད་ཟླ་དང་པོའི་ཚེས་གསུམ་ཉིན་ཕོལཁེད་སི་ཝིལ་ཚོགས་ཆུང་གི་ལོ་གསར་གྱི་ལྷན་འཛོམས་ཐོག་གདན་ཞུས་ལྟར་རི་ཀོན་དགོན་པའི་མཁན་རིན་པོ་ཆེའི་དབུས་རིས་མེད་དགེ་འདུན་རྣམ་པ་དང་།སྐུ་མགྲོན་གཙོ་བོ་བཀུར་འོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་(གཞུང་འབྲེལ་མིན་པ་)དང་།ཚོགས་ཆུང་གི་ཚོགས་མི་བཅས་ལ་ཐོག་མ་ཚོགས་འཐུས་ནས་ལོ་གསར་གྱི་འཚམས་འདྲི་དང་།འདས་ལོར་ཚོགས་ཆུང་ཚོགས་འདུར་སྤྱི་མོས་བྱུང་དོན་བཞིན།ལོ་བསྟར་ཚོགས་ཆུང་སྤྱི་དངུལ་ནས་སུད་སྒོར་ཆིག་སྟོང་རེ་དང་།ཚོགས་མི་སྒེར་ནས་གནང་བའི་དངུལ་བབས་བཅས་དབུས་ཤེས་རིག་ལས་ཁུངས་ལ་བོད་ཕྲུག་ཤེས་ཡོན་ཡར་རྒྱས་ལ་སྨན་པའི་སློབ་ཡོན་གྱི་མཐུན་རྐྱེན་ཆེད་འབུལ་རྒྱུ་གཏན་འཁེལ་ལྟར།ཕོལ་ཁེད་སི་ཝིལ་འཐུས་ཚོགས་ཀྱིས་སྤྱི་དངུལ་ནས་ཕྱི་ལོ་༢༠༡༤ལོའི་འབུལ་བབས་སུད་སྒོར་༡༠༠༠དང་།ཚོགས་མི་སྒེར་ངོས་ནས་སུད་སྒོར་༡༠༩༥བཅས་ཁྱོན་བསྡོམས་སུད་སྒོར་༢༠༩༥ཕུལ་ཟིན་པའི་བཀའ་ལན་དུ་བོད་རིགས་ནང་ཁུལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་ནི་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་ཏེ།ཆིག་བསྒྲིལ།གསར་གཏོད།རང་ཁ་རང་གསོ།དང་མཐུན་པའི་རིན་ཐང་བྲལ་བའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཡིན་པའི་བསྔགས་བརྗོད་དང་།རང་རིགས་གཞན་ལའང་དེ་མཚུངས་བརྒྱུད་བསྒྲགས་གནང་རོགས་ཞེས་འཁོད་འདུག་པས་དེ་སྐོར་གསལ་བཤད་ཞུས།

༄རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་ལོ་གསར་གྱི་འཚམས་འདྲི་དང་སྤྱི་དོན་གལ་ཆེ་ཡིན་པའི་བཀའ་སློབ་གནང་།

༄སྐུ་མགྲོན་གཙོ་བོ་བཀུར་འོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་དང་སྒྲིག་འཛུགས་ཀྱི་གལ་ཆེའི་རང་བཞིན་དང་བདག་གཅེས་དང་རྒྱབ་སྐྱོར་ཞུ་དགོས་པའི་བཀའ་སློབ་བསྩལ་གནང་།  

༄སྐུ་མགྲོན་གཙོ་བོ་བཀུར་འོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་འཁྱོལ་ངེས་ཚོགས་ཆུང་རྒྱུན་ལས་རྣམས་དང་།བོད་སློབ་འགན་འཛིན་དང་རྒན་ལགས་རྣམ་པ།གོང་གསལ་ཤེས་རིག་ལ་ཞལ་འདེབས་འབུལ་མཁན་རྣམས།ཚོགས་ཆུང་བོད་སློབ་ལ་མཐུན་འགྱུར་ཞལ་འདེབས་གནང་མི་བཅས་ལ་ཕྱག་འཁྱེར་དར་དཀར་བསྩལ་རོགས་གནང་། ༄ཚོགས་འཐུས་ནས་སྐུ་མགྲོན་གཙོ་བོ་དང་།མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་སློབ་གནང་བ་དང་།ལས་ཡུན་རིང་འགན་ཡོད་དང་མང་ཚོགས་ནས་ཕྱག་རོགས་གནང་བར་ཚང་མར་བཅོས་མིན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།དེ་ནས་ཆོགས་ཆུང་བོད་སློབ་ནས་རྒྱལ་གླུ་དང་༧གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་བཅས་གཟིགས་འབུལ་ཞུས།༄བསྟན་སྲིད་རང་དབང་སླར་གསོ་དང་རྒྱལ་བའི་སྐུ་འཕྱྭའི་ཆེད་ཞབས་རིམ་ཁག་སྨིན་སྒྲུབ་ཞུས་རྗེས་དགོང་དྲོའི་གསོལ་ཚིགས་དང་ལྷན་འཛོམས་ལུགས་མཐུན་གཟབ་རྒྱས་ངང་རོལ་བའི་གནས་བསྡུས་ས་འཐུས་ཤ་བ་ཚེ་རིང་དོན་གྲུབ་ཀྱིས་ཕུལ།།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སམས་རགས།