ས་གནས་རུ་ཏི་དང་ཨིཊ་ཝིལ་ཨམ་སེ། ཕོལ་ཀཊ་སཝིལ་ཚོགས་ཆུང་གསུམ་གྱིས་ བོད་ཀྱི་རྩ་དོན་ཆེད་ཆོས་སྲིད་ཀྱི་ལས་འགུལ།

༈ ཕྱི་ལོ་༢༠༡༣ ཕྱི་ཟླ་༡ ཚེས་༡༨ གཟའ་སྤ་སངས་ཉིན་ཆུ་ཚོད་༡༡ ནས་༡༦ བར་རྗི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་སུད་སི་ས་གནས་རུ་ཏི་དང་ཨོཊ་ཝིལ། ཕོལ་ཀཊ་སཝིལ་ཚོགས་ཆུང་གསུམ་གྱི་གོ་སྒྲིགས་ལྟར་རི་ཀོན་ཆོས་འཁོར་དགོན་མཁན་རིན་པོ་ཆེ་མཆོག་དང་ཡོ་རོབ་སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས། སུད་སི་དོན་གཅོད་ལས་ཁུངས་ཀྱི་ཀེ་ཏ་བསྟན་འཛིན་བསམ་འཕེལ་ལགས། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ལམ་བྲག་པདྨ་ལགས། ཆབ་སྲིད་བཙོན་ཟུར་ཡེ་ཤེས་སྒྲོལ་མ་ལགས། ཚོགས་ཆུང་གསུམ་གྱི་མི་མང་བཅས་ལྷན་འཛོམས་ཐོག་བོད་ནང་རྒྱལ་གཅེས་དཔའ་བོ་༩༧ གྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མཆོད་མེར་ཕུལ་བ་སོགས་ཆེས་ཛ་དྲག་དང་དཀའ་སྡུག་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཆེད་གཏོང་དགོས་པ་སོགས་དོན་ཚན་བཞི་འཁོད་པའི་སྙན་ཞུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་ལ་ཕུལ་བ་དང་།  གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་བོད་སྐྱོབས་ཅེས་འཁོད་པའི་མགོ་རས་ནག་པོ་དཀྲིས་བཞིན་བོད་ནང་བུད་མེད་ཀྱི་སྐྱེ་སྒོ་བཀག་པ་སོགས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད། ཕྱི་རྒྱལ་ཡུལ་མི་རྣམས་ཀྱིས་བོད་ཀྱི་དཀའ་སྡུག་གནས་སྟངས་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད་ཡིག་ཆ་འགྲེམས་སྤེལ་དང་ཕྱི་ནང་གསར་འགྱུར་ཁག་ལ་གནས་ཚུལ་དྲིལ་བསྒྲགས། རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་བསྔོ་སྨོན་བཅས་ཀྱི་ལས་འགུལ་ལེགས་གྲུབ་བྱུང་བའི་གནས་བསྡུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།