ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་སུད་སི་ས་གནས་སྦ་སལ་ཚོགས་ཆུང་གི་ཕྱི་ལོ་༢༠༡༨ལོའི་མི་མང་ལོ་འཁོར་ཚོགས་འདུ་དང་། རྒྱལ་བའི་ཞབས་བརྟན། བསྔོ་སྨོན་ཞལ་འདོན་སོགས་གནང་བའི་གནས་བསྡུས།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་སུད་སི་ས་གནས་སྦ་སལ་ཚོགས་ཆུང་གི་ཕྱི་ལོ་༢༠༡༨ལོའི་མི་མང་ལོ་འཁོར་ཚོགས་འདུ་དང་། རྒྱལ་བའི་ཞབས་བརྟན། བསྔོ་སྨོན་ཞལ་འདོན་སོགས་གནང་བའི་གནས་བསྡུས། 

ཐོག་མར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་ཕུན་ཚོགས་དོན་འགྲུབ་མཆོག་དང་། ས་གནས་སྦ་སལ་ཚོགས་ཆུང་གི་འཐུས་མི་དང་རྒྱུན་ལས་རྣམ་པ་གཙོས་མི་མང་བརྒྱ་ལྷག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་བསྒྲུབ་གནང་བ་དང་། དེ་བཞིན་དཔལ་གསང་ཆེན་སྔ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀ༔ཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། གོང་ས་མཆོག་གི་སྐུ་ཚབ་ཟུར་པ་དང་བཀའ་ཟུར་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ། བོད་ནང་ཨ་མདོ་རྔ་བ་ཆོས་རྗེ་མ་ཡུལ་ཚོ་ནས་ཡིན་པའི་རང་ལོ་༢༣སོན་པ་རྡོ་པོ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བ་བཅས་ཀྱི་ཆེད་དུ། བསྔོ་བ་སྨོན་ལམ་དང་ཞལ་འདོན་གསོག་སྒྲུབ་བཅས་གནང་ཡོད།

དེ་རྗེས་བོད་རིགས་མི་མང་གི་ཚོགས་གཞོན་སྐུ་ཞབས་ཕུན་ཚོགས་དོན་འགྲུབ་ལགས་ཀྱིས་བོད་རིགས་མི་མང་ཚོགས་པའི་ཐོག་མའི་ལོ་རྒྱུས་དང་། བར་གྱི་བྱུང་རིམ། ད་ལྟའི་གནས་སྟངས་བཅས་འགྲེལ་བཤད་གནང་མཐར། སུད་སི་རྒྱལ་ཁབ་ནང་སྔར་དང་མི་འདྲ་བར་བོད་མི་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་སོགས་དགོས་པ་རྒྱུ་མཚན་མང་པོ་ལ་གཟིགས་ནས་སྤྱི་ཁང་གསར་ཉོའི་ལས་གཞི་སྒྲིག་བཞིན་པའི་སྐོར་ལ་འགྲེལ་བཤད་ཞིབ་རྒྱས་གནང་ཞིང་། སྤྱི་ཁང་གསར་ཉོའི་ཐད་མི་མང་ནས་དྲི་བ་དང་། ཚོགས་གཞོན་མཆོག་གིས་ལན་འདེབས་བཅས་གནང་མཐར། མཇུག་ཏུ་ཚོགས་གཞོན་མཆོག་དང་ས་གནས་འཐུས་མི་ཐུབ་བསྟན་ཟླ་བ་ལགས་གཉིས་ཀྱིས་མི་མང་ནས་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་། གཞན་ཡང་ས་གནས་ཚོགས་ཆུང་གི་ལོ་གཅིག་གི་ཡོང་སོང་རྩིས་ཁྲ་ཞིབ་བཤེར་དང་། སློབ་གྲྭ་དང་ཟློས་གར་སོགས་འབྲེལ་ཡོད་སྡེ་ཚན་རྣམས་ཡར་རྒྱས་གཏོང་ཕྱོགས། དེ་མིན་གྱི་ཚོགས་པའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁག་ཅིག་ལ་འགྱུར་བ་ཅི་དགོས་སོགས་མང་ཚོགས་ཀྱི་བསམ་ཚུལ་དང་། རྒྱུན་ལས་རྣམ་པའི་འཆར་གཞིའི་ཐོགས་གྲོས་བསྡུར་ལྷུག་པོ་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་གྲོལ་ཡོད་པ་རེད། 

གནས་ཚུལ་མཁོ་གཏོང་བ་ཆོས་རྗེ་ཚང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།