ཕྱི་ལོ་༢༠༡༨་ཟླ་ ༡༠ ཚེས་༡༣ ཉིན། སྔ་དྲོ་ས་གནས་ཤ་ཧྥའོ་སེན་བོད་རིགས་ཚོགས་ཆུང

༡༽ཕྱི་ལོ་༢༠༡༨་ཟླ་ ༡༠ ཚེས་༡༣ ཉིན། སྔ་དྲོ་ས་གནས་ཤ་ཧྥའོ་སེན་བོད་རིགས་ཚོགས་ཆུང་ཐེངས་གཉིས་པའི་ཚོགས་འདུའི་སྐབས་རི་ཀོན་མཁན་པོ་རིན་པོ་ཆེ་ནས་ནང་ཆོས་ངོ་སྤྲོད་དང་། དྲི་བ་དྲིས་ལན་སོགས་བྱས་ཡོད།
༢༽ཕྱི་དྲོའི་ཆ་ལ་སུད་སི་སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས། དབུ་མའི་ལམ་དང་། བཙན་བྱོལ་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་ནས་གསར་གཏོད་གནང་བའི་ལྔ་དང་ལྔ་བཅུའི་དོན་གནད་སྐོར་ལ་བཀའ་སློབ་གནང་ཞིང་། དེའི་སྟེང་དྲི་བ་དྲིས་ལན་བྱས་ཡོད།
༣༽སུད་སི་བོད་རིགས་མི་མང་ཚོགས་གཙོ་དང་། ཚོགས་གཞོན་རྣམ་གཉིས་ནས། སུད་སི་བོད་རིགས་མི་མང་གི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་གནད་དོན་འགའ་ཞིག་གི་ཐོག་ལ་བཀའ་སློབ་གནང་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སམས་རགས།