པཎ་ཆེན་ཆོས་ཀྱི་ཉི་མིའི་དགུང་ལོ་༢༤ ལོན་པའི་སྐྱེས་སྐར་གཙི་སྲུང་

སུད་སིའི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་ཆུང་ལྷག་བསམ་སྒྲོལ་མས་ཟླ་༤་པའི་ཚེས་༢༧་ཉིན་ཛུ་རིག་ཨོ་ལེ་ཁོན་ནས་རིན་པོ་ཆེ་དགུང་གྲངས་༢༤་སླེབས་པའི་སྐུའི་འཁྲུངས་སྐར་བརྩི་སྲུང་བྱས། འཁྲུངས་སྐར་དུས་ཆེན་དེར་བོད་མི་༨༠ ཡར་མར་ཞིག་འདུ་འཛོམས་བྱུང་།རྒྱལ་བའི་ཞལ་བརྟན་སོགས་མཆོད་འབུལ་ལས་རིམ་གྱི་རྗེས་ཡང་སྤྲུལ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་སྒོང་ཟས་དང་མཉམ་དུ་འཇམ་དབྱངས་ལགས་དང་སྟོབས་ལྡན་ལགས་གཉིས་ཀྱི་ཆེད་དུ་བརྩམས་གནང་བའི་འཁྲུངས་སྐར་གྱི་གླུ་གཞས་གསར་བ་ཞིག་གཟིགས་འབུལ་ཞུས། པཎ་ཆེ་སྐུ་གོང་མའི་མཛད་རྣམ་མདོ་བསྡུས་ཀྱི་བརྙན་ཐུང་གཟིགས་འབུལ་རྗེས་རིམ་བཞིན་དྲི་བ་དྲིས་ལན་དང་། རྣམ་པ་མི་འདྲ་བའི་རྩེད་མོའི་རིགས་ཁ་ཤས་རྩེད། མཐར་རིན་པོ་ཆེའི་འཁྲུངས་སྐར་ལ་ཕེབས་མཁན་ཚང་མར་མིག་བཙུམ་གསོལ་རས་ཞེས་པའི་ལག་སྐྱེས་རིགས་མི་འདྲ་བ་རྣམས་དེར་ཡོད་ཀྱི་ཚོགས་ཞུགས་པ་ཚང་མར་སྐྱེས་སུ་ཕུལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།