ནང་ཆོས་ཀྱི་སྙིང་དོན་ཉམས་ལེན་གནང་ཕྱོགས་སྐོར་གཟབ་སྦྱོངས་གནང་པ།

༄༅།   ཕྱི་ལོ་  ༢༠༡༥   ཟླ་  ༡༢  ཚེས་  ༡༩  རེས་གཟའ་སྤེན་པའི་ཉིན་ཐུར་བྷེན་ཐལ་ས་གནས་ཚོགས་ཆུང་གིས་གོ་སྒྲིག་འོག་ཐུར་བྷེན་ཐལ་  Schützen  ཚོགས་ཁང་དུ་ཞོགས་པ་་ཕྱག་ཚོད་  ༡༠།༠༠  ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་དབུས།  ས་གནས་འཐུས་མི་མཁར་རྟགས་པ་བཀྲ་ཤིས་བསོད་ནམས་ལགས་དང། ཚོགས་ཆུང་མི་མང་བཅས་མི་གྲངས་  ༤༥  བརྒལ་བ་མཉམ་འཛོམས་གནང།

ཐོག་མར་ས་གནས་འཐུས་མི་ནས་མཛད་སྒོ་དབུ་འབྱེད་ཀྱིས་གསུང་བཤད་གནང་དོན་ལ།   ཉེ་ལམ་མི་མང་གི་སྐབས་  ༡༦  པའི་ས་གནས་འཐུས་ཚོགས་ཀྱིས་གཏན་འབེབས་ལྟར་ས་གནས་ཚོགས་ཆུང་ཚང་མས་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་རེས་མོས་གོ་སྒྲིག་ཞུ་རྒྱུ་ཐག་ཆོད་ལྟར་ད་རེས་ཐེངས་དང་པོ་དེ་ཐུར་བྷེན་ཐལ་ས་གནས་ཚོགས་ཆུང་ནས་གོ་སྒྲིག་ཞུས་ཡོད་པས་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་མཛད་བྲལ་ཆེན་པོ་ཡོད་ཀྱང་འདིར་གལ་ཆེ་དོན་ཆེར་དགོངས་ནས་ཕེབས་པ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས། དེ་བཞིན་དེ་རིང་མི་མང་གི་ཟླ་རེའི་འཐུས་མི་ཚོགས་འདུ་ཡིན་སྟབས་ཚོགས་གཙོ་ཕེབས་ཁོམས་མེད་པ་མ་ཟད་ཚོགས་གཞོན་ཡང་རྒྱ་གར་ལ་དགུང་སེང་ཕེབས་ཐོན་ཟིན།   མི་མང་གི་གསར་འཕྲིན་དྲ་རྒྱའི་གསར་འགོད་པ་དང།  པར་པ་བཅས་ཡོང་རོགས་ཞུས་པ་ལྟར་ཚོགས་མི་བཀྲིས་རྣམ་རྒྱལ་ལགས་དང།   བསམ་པ་དོན་གྲུབ་ལགས་གཉིས་ཀྱང་ངོ་བཞུགས་ཐུབ་ཡོད་པ་བཅས་ཚང་མར་འཚམས་འདྲི་ཞུས།  དེ་རྗེས་མཁན་རིན་པོ་ཆེ་མཆོག་ནས་གསུང་དོན།   ད་རེས་ཐུར་བྷེལ་ཐལ་ཚོགས་ཆུང་ཚོགས་མི་རྣམས་མཉམ་འཛོམས་ཐུབ་པ་དང་སྦྲགས་འཐུས་ཚོགས་ནས་གཏན་འབེབས་ལྟར་ནང་ཆོས་གཟབ་སྦྱོངས་སྐབས་དང་པོ་དེ་ཐུར་བྷེན་ཐལ་ཚོགས་ཆུང་ནས་དབུ་འཛུགས་གནང་པ་ལ་དགེ་བའི་འཚམས་འདྲི་དང་བསྔགས་བརྗོད་ཆེན་པོ་གནང་སོང།

ད་རེས་ཀྱི་ནང་ཆོས་གཟབ་སྦྱོངས་ཀྱི་བརྗོད་གཞི་ནི།  ཉིན་རེ་བཞིན་སོ་སོའི་མི་ཚེའི་ནང་ནང་ཆོས་ཀྱི་སྙིང་དོན་ཉམས་ལེན་གནང་ཕྱོགས་སྐོར་དྲན་གསོའི་ཆེད་དུ་ཡིན་གསུང།    ཆོས་ལ་ཉམས་ལེན་བྱེད་ཐུབ་མཁན་དང་ མ་ཐུབ་མཁན་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པ་བརྟེན་སྤྱི་སྒེར་གང་གི་ཐོག་ལས་དོན་བྱེད་སྐབས་མཚམས་རེ་མ་འགྲིགས་པའི་གནས་ཚུལ་ཆུང་འཚག་རིགས་བྱུང་ཀུན་སློང་འཁྱེར་སྟངས་ལ་ཁྱད་པར་ཆེན་པོ་ཡོད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་ཕེབས་ལྟར་ནང་ཆོས་ལ་དད་པ་དང།  སྨོན་ལམ།  མཎི་བགྲངས་རྒྱུ།  བསྐོར་བ་སྐྱོན་རྒྱུ་ཙམ་མ་ཡིན་པར་ཉིན་རེ་བཞིན་སློབ་སྦྱོངས་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་མ་ཟད་སློབ་སྦྱོངས་གནང་སྟངས་སྐོར་ཡང་བཀའ་སློབ་གནང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང།   རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་ལུས་མེར་བསྲེག་གནང་མཁན་རྣམ་པ་དང་དེ་བཞིན་ད་དུང་རྒྱ་དམར་གྱིས་བཙན་གནོད་འོག་བརྩོན་འཇུག་བདག་ཉར་མནར་གཅོད་འོག་མྱང་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་བསྔོ་སྨོན་ཡིག་དྲུག་མཎི་དང།

ཡིག་བརྒྱ་བཅས་གསུང་འདོན་གནང།   བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང།   ངག་བཅད་སྐར་མ་གཅིག་རིང་གནང་མཚམས་ཀི་ཀི་སོ་སོ་ལམ་ནས་བསངས་གསོལ་དང།   བདེན་ཚིག་སྨོན་ལམ་གསུང་འདོན་ཞུས། ཉིན་དགུང་གི་གསོལ་ཚིགས་དྲ་རྒྱས་ངང་བར་སེང་གནང་རྗེས།   ཚོགས་ཆུང་འཐུས་མི་མཁར་རྟགས་པ་བཀྲིས་ལགས་ནས་མཁན་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གནང་པ་བཅས་ཀྱི་གནས་བསྡུས་སུ།      གསར་འགོད་པ་བསམ་པ་དོན་གྲུབ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།