དེ་རིང་ཕྱི་ལོ་ ༢༠༡༨།༠༡།༡༩ ཉིན་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་བློ་བཟང་སེང་གེ་མཆོག་སུད་སིར་ཞབས་སོར་འཁོད།

དེ་རིང་སྟེ་ཕྱི་ལོ་ ༢༠༡༨།༠༡།༡༩ ཉིན་སྔ་དྲོའི་ཚོུད་ ༠༨།༠༠ ཐོག་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་མཆོག་སུད་སིའི་འཛུ་རིག་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་བྱམས་པ་ཚེ་རིང་ལགས།  དེ་བཞིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱི་དབུས་ས་གནས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ།  ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ། ས་གནས་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས། ས་གནས་མདོ་སྟོད་སྒྲིག་འཛུགས་ཀྱི་ཚོགས་གཙོ། དེ་བཞིན་བོད་མི་གསུམ་བརྒྱ་བརྒལ་བའི་བོད་ཆས་དང་ལག་ཏུ་མཇལ་དར་དང་མེ་ཏོག་སྣ་ཚོགས་ཀྱི་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གནམ་ཐང་ནས་ཕྱིར་ཐོག་མར་ཕེབས་སྐབས་ས་གནས་བོད་རིགས་མི་མང་ཟློས་གར་ནས་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པ་དང་དེ་མ་ཐག་མང་ཚོགས་ནས་དགའ་ཚོར་ཆེན་པོའི་ངང་བོད་རྒྱལ་ལོ་ཞེས་འབོད་སྒྲ་བཅས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མང་ཚོགས་ཀྱི་ལྷན་རིམ་བཞིན་མཇལ་འཕྲད་གནང་བ་བཅས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་སོང་བ་དང་།  དཔལ་ལྡན་སྲིད་སྐྱོང་མཆོག་ཐེངས་འདིའི་གཞུང་འབྲེལ་ཕྱོགས་སྐྱོད་དངོས་གཞི་ཟླ་འདིའི་ཚེས་ ༢༡ ནས་ ཕྱི་ཟླ་ ༠༢ ཚེས་ ༠༣ བར་བེལ་ཇམ་དང་ཕ་རེན་སི། སུད་སི་བཅས་སྐོར་སྐྱོད་གནང་རྒྱུ་ཡིན་པ་དང་། སུད་སིར་གཞུང་འབྲེལ་མཛད་རིམ་ཁག་སྐབས་དུས་སུ་དྲ་རྒྱར་གནས་ཚུལ་རིམ་བཞིན་སྤེལ་རྒྱུ་ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།