དུས་ཐུང་ནང་འབྲས་ལྗོངས་སུ་ཚོང་ལས་ཀྱི་ཁེ་ཕན་ཚད་ལས་བརྒལ་བ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༧ཉིན། ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉིན་གྲངས་༨རིང་འབྲས་ལྗོངས་སུ་མཛད་འཕྲིན་བསྐྱངས་སྐབས་སུ། ཁུལ་དེར་མི་མང་ལ་ཚོང་ལས་ཀྱི་ཁེ་ཕན་ཚད་ལས་བརྒལ་བ་ཐོབ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ས་གནས་མི་མང་ཚོས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས། ཆོས་ཕྱོགས་ནས་མི་མང་ལ་བཀའ་དྲིན་དང༌། ཕན་ཐོགས་ཆེན་པོ་ཆགས་ཡོད་པས་མ་ཚད། ཚོང་ལས་དཔལ་འབྱོར་ཐོག་ལའང་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ལུགས་འགྲེལ་བརྗོད་གནང་འདུག
སྐབས་དེར་ས་གནས་འགྲིམ་འགྲུལ་དང༌། ཡུལ་སྐོར་བ་སོགས་ནི་སྔར་དང་མི་འདྲ་བ་འགྲོ་རྒྱུག་རྩེ་མོར་སོན་ཡོད་འདུག ས་གནས་འགྲིམ་འགྲུལ་མཉམ་སྦྲེལ་ལས་ཁུངས་ཀྱི་ཚོགས་གཙོ་ཞིག་གིས། ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་ཕེབས་སྐབས། ཡུལ་སྐོར་བ་དང༌། ཆོས་ཞུ་བ་སོགས་ཀྱིས་རྐྱེན་པས་འགྲིམ་འགྲུལ་གྱི་ཡོང་འབབ་ཆེན་པོ་ཐོབ་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
འགྲིམ་འགྲུལ་ཕུད་པའི་གཞན་ཡང༌། ཆོས་ལུགས་ཀྱི་ཡོ་ཆས་ལ་སོགས་པ་མངག་ཉོ་བྱེད་ས་ཚོང་ཁང་དེ་ཚོར་ཡང་སྔ་དང་མི་འདྲ་བ་ཁེ་ཕན་ཆེན་པོ་ཐོབ་ཡོད་པ་རེད། སྐབས་དེར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡུལ་སྐོར་བ་དང༌། མི་མང་ཆོས་ཞུ་བ་སོགས་ཁྱོན་མི་གྲངས་༣༠༠༠༠ལས་བརྒལ་བ་འབྲས་ལྗོངས་སུ་འདུ་འཛོམས་བྱས་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སྡོམས་རོགས།