དམངས་གཙོ་དུས་དྲན་ཐེངས་ ༥༧ པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་བརྩི་སྲུང་གནང་།

དེ་ཡང་ཟླ་འདིའི་ཚེས་༢ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱི་བོད་ལྗོངས་དམངས་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༧ འཁོར་བའི་དུས་དྲན་ཁོལ་བྷུ་རུང་གི་སློབ་གྲྭའི་ཚོགས་ཁང་དུ་མི་མང་༦༠༠ ལྷག་ལྷན་འཛོམས་ཀྱིས་བརྩི་སྲུང་བྱས།

ས་གནས་ཀྱི་ཕྱག་ཚོད་༡༢ ཙམ་ལ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་དང་ཚོགས་གཞོན་བླ་རྙིང་པད་མ་ཚེ་རིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ། དེ་བཞིན་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ། རི་ཀོང་དགོན་གྱི་མཁན་རིན་པོ་ཆེའི་གཙོས་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྐྱིད་སྡུག་ཁག་གི་ཚོགས་གཙོ་རྣམ་པ་བཅས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཚོགས་ཁང་དུ་གདན་འདྲེན་ཞུས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་གྲུབ་རྗེས་བོད་རྒྱལ་ཁབ་དང་མི་མང་གི་དོན་དུ་གཅེས་པའི་ལུས་སྲོག་བློས་བཏང་ཟིན་པའི་དཔའ་པོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་བྱས། དེའི་རྗེས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་གསུངས་བཤད་གནང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེས་བཀའ་ཤག་གི་གསུངས་འཕྲིན་སྒྲོག་རྒྱང་དང་ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་ཀྱི་སུད་སའི་སྐྱབས་བཅོལ་གྱི་སྐོར་དང་འབྲེལ་བའི་གསུང་བཤད་གནང་གྲུབ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལགས་ཀྱི་སྤྱི་འཐུས་གསུང་འཕྲིན་སྒྲོག་རྒྱང་གནང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་ས་གནས་མི་མང་ལ་བཀའ་སློབ་ཕེབས་དོན་༼ང་ཚོ་བོད་པ་ཚོས་སོ་སོའི་ས་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་ལ་ཕྱོགས་ཡོངས་ནས་མི་ཉམས་གོང་འཕེལ་བཏང་ནས་རང་ཉིད་བོད་པ་ཡིན་པའི་གོ་ཆོད་དགོས་ཟེར༽

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་སློབ་གྲུབ་མཚམས་སུ་ས་གནས་ཀྱི་འགྲོ་ལུགས་ལྟར་སྐུ་ངོ་དོན་གཅོད་དང་ཡོ་རོབ་སྤྱི་འཐུས་གཙོས་ལས་ཐོག་རྒྱུན་ལས་དང་མི་མང་གི་བར་དུ་དྲི་བ་དྲིས་ལན་གྱི་ལས་རིམ་རྒྱས་པ་ཞིག་བསྒྲུབས་རྗེས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞབས་བྲོ་འགྲན་སྡུར་མགོ་འཛུགས་ཞུས། གཞས་སྣ་འགྲན་སྡུར་གྱི་མཐའ་མའི་ཨང་དང་པོ་དེ་བྷ་སལ་ཚོགས་ཆུང་གི་འཁྲབ་སྟོན་རུ་ཁག་གིས་སླངས།
མཐར་ཆོལ་གསུམ་ཚོགས་པ་ཁག་ནས་གཞས་དང་ཞབས་བྲོ་ཁག་ཅིག་འཁྲབ་སྟོན་བཅས་མཇུག་བསྡུས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།