དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུད་སིར་ཕེབས་པ།

༄༅།   ཕྱི་ལོ་  ༢༠༡༥  ཟླ་  ༡༠  ཚེས་  ༣  རེས་གཟའ་སྤེན་པའི་ཉིན་ས་གནས་ཡོ་ནའི་ཟ་ཁང་ཁོརེ་སེ་ནང་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དངོས་སུ་ཕེབས་ནས་ཡོང་བཞིན་པའི་སྲིད་སྐྱོང་དང།   བོད་མི་མང་སྐབས་  ༡༦  པའི་སྤྱི་འཐུས་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ འོས་བསྡུའི་སྒྲིག་གཞིར་གལ་ཆེའི་དོན་གནད་བསྐྱར་བཅོས་སོང་བའི་སྐོར་གཤམ་གསལ་དུས་ཚོད་འཆར་བཀོད་ལྟར་མང་ཚོགས་ལ་ལམ་སྟོན་གསལ་བཤད་གནང་པ་དང་ཆབས་ཅིག་དྲི་བ་དྲི་ལན་གྱི་རིམ་བསྐྱངས།

༡༽     སྔ་དྲོ་ཕྱག་ཚོད་   ༡༠།༠༠  ཐོག་ས་གནས་ཀྱི་འོས་བསྡུའི་འགན་འཛིན་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གཙོས་པའི་འོས་བསྡུའི་ལས་འཕར་ཟླ་བ་ཚུལ་འཁྲིམས་ལགས། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན།  ས་གནས་འཐུས་མི་རྣམ་པ།    ས་གནས་འོས་བསྡུའི་ཚོགས་མི་རྣམ་པ།   གཟུ་དཔང་རྣམ་པ་བཅས་ཟུར་འཛོམས་ཀྱི་ཐོག་མར་ས་གནས་འོས་བསྡུའི་འགན་འཛིན་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་ངོ་སྤྲོད་གསུང་བཤད་གནང།   དེ་རྗེས་གོང་གསལ་དབུ་འོས་བསྡུ་སྤྱི་ཁྱབ་འགན་འཛིན་མཆོག་ནས་སྲིད་སྐྱོང་དང།   བོད་མི་མང་སྐབས་  ༡༦  པའི་སྤྱི་འཐུས་བཅས་ཀྱི་འོས་བསྡུ་དང་འབྲེལ་བའི་གལ་ཆེའི་སྲུང་བརྩི་དགོས་པའི་ཁྲིམས་སྒྲིག་བསྐྱར་བཅོས་སོང་བའི་དོན་གནས་སྐོར་ལམ་སྟོན་གསལ་བཤད་དང་བཀའ་སློབ་གནང།  ཚོགས་ཞུགས་རེ་ཤས་ནས་བཀའ་འདྲི་ཞུས་པ་ལན་འདེབས་གསལ་བཤད་གནང།

༢༽      ཕྱེད་ཡོལ་ཕྱག་ཚོད་   ༡།༠༠   ཐོག་མི་མང་  ༢༠༠  སྐོར་མཉམ་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་ཆབས་ཅིག་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གྲོངས་ཕྱིན་པ་རྣམས་ཀྱི་ཆེད་གུས་འདུད་མྱ་ངན་ངག་གཅད་སྐར་མ་གཅིག་རིང་གནང།    དེ་རྗེས་ཚོགས་འདུ་དབུ་འཛུགས་ཀྱིས་སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང།    གོང་གསལ་ས་གནས་འོས་བསྡུའི་འགན་འཛིན་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་འོས་བསྡུ་དང་འབྲེལ་བའི་གལ་ཆེའི་དོན་གནད་སྐོར་གསུང་བཤད་གནང།    རིམ་པས་དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ནས་གོང་གསལ་ལྟར་འོས་བསྡུ་གནང་ཕྱོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་སོང་བའི་སྐོར་དང་དེ་དག་མང་ཚོགས་སྲུང་བརྩི་དགོས་པའི་ལམ་སྟོན་བཀའ་སློབ་གནང།    མི་མང་ནས་དྲི་བ་བྱུང་རིགས་ལ་ལན་འདེབས་གསལ་བཤད་གནང།    

མཐར་མི་མང་ཚོགས་གཞོན་བླ་རྙིང་དཔྨ་ཚེ་རིང་ལགས་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གསུང་བཤད་གནང་པ་བཅས་ཀྱི་གནས་བསྡུས་སུ།       བསྟན་འཛིན་ཚེ་རིང་ནས།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།