དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སུད་སིར་བདེ་འབྱོར་བྱུང་བ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་ཅི་ལྟར་བོད་ཀྱི་དམངས་གཙོ་དུས་ཆེན་གྱི་སྐུ་མགྲོན་དུ་གསོལ་བ་བཏབ་པ་ལྟར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཟླ་༨ པའི་ཚེས་༣༡ ཉིན་རྒྱབ་ཆུ་ཚོད་༢ དང་སྐར་མ་༡༠ ཕ་རེ་སི་ནས་ཛུ་རིག་ལ་བདེ་འབྱོར་བྱུང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་གཙོས། རི་ཀོང་མཁན་རིན་པོ་ཆེ་དང་། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས། ས་གནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་སྤྱི་ཟུར་རྣམ་པ་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་བཅས་གནམ་ཐང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕེབས་བསུ་བྱས།

ཟླ་འདིའི་ཚེས་༡ཉིན་རི་ཀོང་དགོན་དུ་གནས་གཟིགས་དང་ས་གནས་ཀྱི་བོད་མི་རོགས་སྐྱོར་གནང་མྱོང་མཁན་གྱི་ཁོན་བཟོ་གྲྭར་གཟིགས་སྐོར་གནང་། དགོང་དྲོད་ཚོགས་གཙོ་མཆོག་དབུལ་བཞུགས་ཐོག་ས་གནས་བོད་མིའི་སྒྲིག་འཛུགས་དང་། ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་རྣམས་བཞུགས་མོལ་ཚོགས་འདུ་གནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཟླ་འདིའི་ཚེས་༢ ཉིན་བོད་ཀྱི་དམངས་གཙོ་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཕེབས་འཆར་ཡིན་འདུག

གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།